དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས།

    བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་275ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

     ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་ཆེད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱེད་པ་དང་མང་ཚོགས་ཀྱི་རེ་བ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་འཛད་སྤྱོད་པའི་ཁེ་དབང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་པ་རེད།

    ཟླ་3ཚེས་15ཉིན། རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོ་ཐེངས་42པ་འཆར་བ་དང་བསྟུན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཕྱི་ཕྱོགས་སུ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་དཔེ་5ཡོངས་བསྒྲགས་བྱས་ཏེ། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཚང་མ་སྤུས་ཚད་མཐོན་པོས་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་ལེན་ཏན་ཏིག་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་བར་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་275གྱོད་ཁོངས་སུ་བཅུག་ནས་ཐག་གཅོད་བྱས་པ་ལས། བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་241དང་སྨན་རྫས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་34ཐག་གཅོད་བྱས་པ་མ་ཟད། རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའ་དང་སྨན་རྫས་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།