དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྡེ་ཚན་གསུམ་གྱིས།

    མཉམ་དུ་ཁྲིམས་དང་མི་མཐུན་པར་བཙན་འཛུལ་སྐྱེ་དངོས་རིཌ་ནང་འདྲེན་བྱས་པའི་ཉེས་གསོག་ལ་ཆད་པ་བཅད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་ཆེད། འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་བྱ་སྤྱོད་སྤེལ་ཏེ། ཁྲིམས་དང་མི་མཐུན་པར་བཙན་འཛུལ་སྐྱེ་དངོས་རིགས་་ནང་འདྲེན་བྱས་པའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་བཅད་པ་རེད། མཉམ་འགོག་མཉམ་སྡོམ་དང་། ཆ་འཕྲིན་མཉམ་སྤྱོད། ཁྲིམས་འཛིན་རོགས་རེས་བཅས་ཤུགས་ཆེར་བཏང་ནས་འགོག་ཟོན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱས་པ་རེད།

    2023ལོའི་ཟླ་7པར། འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ཏུ་དུས་ཡུན་ལོ་གསུམ་གྱི་ཕྱི་ཡོང་སྐྱེ་དངོས་རིགས་ཀྱི་བཙན་འཛུལ་ནན་འགོག་གྱི་ཆེད་དོན་བྱ་སྤྱོད་གཅིག་སྡུད་གཅིག་གྱུར་སྤེལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ད་ལོ་འགག་སྒོ་ལས་ཁུངས་ཀྱིས་ད་དུང་ཕྱི་ཡོང་བཙན་འཛུལ་སྐྱེ་དངོས་རིགས་ཀྱི་འགག་སྒོའི་འགོག་ཟོན་མ་ལག་འཛུགས་པར་ཤུགས་བརྒྱབ་སྟེ། ཁྲིམས་དང་མི་མཐུན་པར་ཕྱི་ཡོང་བཙན་འཛུལ་སྐྱེ་དངོས་རིགས་ནང་འདྲེན་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་པ་རེད།

    2023ལོར། རྒྱལ་ཁབ་འགག་སྒོ་ལས་ཁུངས་ནི་རྒྱལ་ཁབ་ཀྱི་སྒོ་མོའི་བདེ་འཇགས་སྲུང་མཁན་ཐོག་མ་ཡིན་པས་རྒྱལ་མཚམས་འཛུལ་སྒྲོལ་གྱི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་བརྟག་བཤེར་ནན་པོ་བྱས་ནས་ཕྱི་ཡོང་སྐྱེ་དངོས་རིགས་ཀྱི་བཙན་འཛུལ་བཀག་འགོག་ནན་པོ་བྱེད་ཀྱི་ཡོད། ཁྱོན་བརྟག་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་རིགས་ཐེངས་ཁྲི་7.5ལ་ཞིབ་བཤེར་ཐུབ་པ་དང་། རྒྱལ་ནང་དུ་བསྐུར་བ་དང་འགྲུལ་པ་རང་གིས་ཁྱེར་བའི་དངོས་ཟོག་ཁྲོད་ནས་ཕྱི་ཡོང་སྐྱེ་དངོས་རིགས་1186དང་ཁག་ཐེངས་3123རྩད་ཆོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།