དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དཔྱིད་དུས་ཀྱི་ཅུན་ཧྲི་འདེམས་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    2024ལོའི་ལོ་འཁོར་གྱི་ཅུན་ཧྲི་འདེམས་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་འབྱུང་རྩ་ནས་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས་དམག་མི་གྲ་སྒྲིག་གི་ལས་དོན་ལ་གོ་རིམ་ལྡན་པར་དམ་འཛིན་ཡག་པོ་བྱ་ཆེད། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་2024ལོའི་དཔྱིད་དུས་ཀྱི་ཅུན་ཧྲི་འདེམས་པའི་དཔྱད་ཞིབ་སྒྲིག་འཛུགས་ཞིབ་ཚགས་བྱས་པ་རེད།

    དཔྱད་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོ་བརྙན་ལམ་དུ་ཕབ་ཅིང་། སློབ་ཚན་ཚང་མར་ས་ཆ་དངོས་སུ་སྐར་མ་རྒྱག་པ་དང་། གྲུབ་འབྲས་ཡོངས་བསྒྲགས། མིང་རྟགས་བཀོད་ནས་གཏན་འཁེལ་བཅས་བྱས་ཡོད་ལ། ཚད་གཞི་གཅིག་གིས་མཐོ་དམན་གཏན་འཁེལ་བྱེད་སྟངས་ལྟར་གདམ་བྱའི་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཅུན་ཧྲིའི་དཔུང་ཁག་ནང་འཛུལ་བའི་འགག་སྒོར་འབྱུང་རྩ་ནས་དམ་འཛིན་ནན་པོ་བྱས་ཏེ་ཅུན་ཧྲིར་གདམ་བྱའི་འོས་མིའི་སྤུས་ཚད་དང་འཐབ་འཛིང་ནུས་པ་ཚད་ལོན་པའི་འགན་ལེན་བྱས་ཡོད།

    དམག་མིའི་གོ་རྟགས་འཕར་བ་ལས་ཐོབ་ཐང་ལ་འགྱུར་ལྡོག་ཕྱིན་པ་ཙམ་མ་ཟད་འགན་འཁྲི་ཡང་ལྕི་རུ་ཕྱིན་པ་རེད། དཔུང་སྡེ་དེས་བྱ་ཐབས་སྣ་མང་སྤྱད་ནས་ཕུལ་བྱུང་གི་ཅུན་ཧྲིའི་རྐང་འཛིན་པ་བདམས་ཏེ་ལེགས་ཁྲོད་ལེགས་འདེམས་ཐུབ་པར་བྱས་ནས་དཔུང་སྡེར་ཕུལ་བྱུང་གི་རྐང་འཛིན་སྟོབས་ཤུགས་དེ་བས་མང་བ་གྲ་སྒྲིག་བྱས་པ་རེད།

    འདི་ནི་སྐུད་མེད་འཕྲིན་གཏོང་གི་དཔྱད་ཞིབ་བྱེད་བཞིན་པ།

    འདི་ནི་གཞི་རྩའི་འཐབ་རྩལ་ལ་དཔྱད་ཞིབ་བྱེད་བཞིན་པ།

    འདི་ནི་30×2ཀྱི་སྦྲུལ་དབྱིབས་རྒྱུག་ཤར་གློད་བཞིན་པ།

    འདི་ནི་སྨི་3000རིམ་པའི་རྒྱུག་ཤར་གློད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།