རྫ་ཡུལ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས།
གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མེ་ཟོན་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ།
ཉེ་ཆར་རྫ་ཡུལ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི“དྲིལ་བསྒྲགས་ཡན་ལག་རུ་ཆུང”གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ནགས་ཚལ་གྱི་མེ་ཟོན་མེ་གསོད་ཀྱི་རྒྱུན་ཤེས་ཁྱིམ་ཚང་ཚང་མར་དྲིལ་བསྒྲགས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི“ཟངས་གྱང་ལྕགས་རྩིག”ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད་པ་རེད།
རུ་འབྲིང་དེས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ་བརྒྱུད་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་ནགས་ཚལ་མེ་ཟོན་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་པའི་ཉེན་ཁ་སྔར་བས་ཆུང་དུ་བཏང་ནས་མང་ཚོགས་ལ་བདེ་འཇགས་དང་ཞི་མཐུན་གྱི་ཁོར་ཡུག་ཅིག་བཏོད་པ་རེད།
འདི་ནི“དྲིལ་བསྒྲགས་ཡན་ལག་རུ་ཆུང”གིས་མང་ཚོགས་ལ་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་བཞིན་པ།
འདི་ནི“དྲིལ་བསྒྲགས་ཡན་ལག་རུ་ཆུང”གིས་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་ཤོག་ལྷེ་སྦྱོར་བཞིན་པ།
འདི་ནི“དྲིལ་བསྒྲགས་ཡན་ལག་རུ་ཆུང”གྲོང་ཚོ་དང་དུད་ཚང་དུ་སྐྱོད་བཞིན་པ།