དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས།

    རྐང་བཙུགས་ནས་གནོད་འཚེ་གཏོང་བ་དང་གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་གྱོད་གཞི་ཞིག་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཁྲིམས་ར་འཚོགས་ཏེ་རྐང་བཙུགས་ནས་གནོད་འཚེ་གཏོང་བ་དང་གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་གསོག་གྱོད་གཞི་ཞིག་ཐག་གཅོད་བྱས་པ་རེད། རྐང་བཙུགས་ནས་གནོད་འཚེ་གཏོང་བ་དང་གཞུང་དོན་ལ་འགོག་རྐྱེན་བཟོ་མཁན་ཞུ་སྦྱོར་ཕྱི་མ་ཞའོ་ཆེ་གེ་མོ་བཀག་ཉར་ཟླ་4དང་དངུལ་ཆད་སྒོར་2000གཏོང་རྒྱུའི་ཆད་པ་བཅད་པ་རེད། བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས་ཞུ་སྦྱོར་ཕྱི་མ་ཞའོ་ཆེ་གེ་མོས་ཁྲིམས་བཅད་དང་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།

    2023ལོའི་ཟླ་11པའི་ཚེས་13ཉིན་གྱི་ཆུ་ཚོད་19དང་སྐར་མ་10ཙམ་ལ། བསྟན་ཆེ་གེ་མོ་དང་དབང་ཆེ་གེ་མོ་འཆམ་འཆམ་བྱེད་སྐབས། ལམ་འགྲམ་དུ་བཞག་པའི་རླངས་འཁོར་ལ་འགྲིམ་འགྲུལ་གནས་ཚུལ་ལྷག་ཉེན་ཡོད་པ་ཚོར་རྗེས། འཕྲལ་མར་ཉེ་འགྲམ་གྱི་ཇ་ཁང་དུ་བསྐྱོད་དེ་རླངས་འཁོར་གྱི་བདག་པོར་རླངས་འཁོར་འདིར་འཇོག་མི་ཆོག་པའི་བརྡ་བཏང་ཡང་ཞའོ་ཆེ་གེ་མོས་རླངས་འཁོར་རང་སར་བཞག ལས་དོན་མི་སྣས་དེ་འཕྲལ་ཉེན་རྟོག་པར་སྙན་སེང་ཞུས་རྗེས། ཉེན་རྟོག་པ་དེ་གར་འབྱོར་བ་དང་གནས་ཚུལ་ཤེས་རྟོགས་བྱེད་སྐབས། ཞའོ་ཆེ་གེ་མོས་བསྟན་ཆེ་གེ་མོའི་གདོང་ལ་ཁུ་ཚུར་གཞུས་པས་བསྟན་ཆེ་གེ་མོའི་ངོ་གདོང་ལ་རིམ་པ་གཉིས་པའི་རྨས་སྐྱོན་ཆུང་གྲས་བཟོས། མི་དམངས་ཉེན་རྟོག་པས་གནས་ཚུལ་ཐག་གཅོད་བྱེད་སྐབས་ཞའོ་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་ལག་པ་བཀྱགས་པས་ཉེན་རྟོག་པ་ཉི་ཆེ་གེ་མོའི་མགོ་དང་མིག་ལ་རྨས་སྐྱོན་བཟོས། རྗེས་འདེད་གཏོང་སྐབས་ཞའོ་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་རྡོ་གཞུས་པ་མ་ཟད། ད་དུང་རྗེས་འདེད་བཏང་ན་རང་ཤི་རྒྱག་གི་ཡིན་ཞེས་མི་དམངས་ཉེན་རྟོག་པ་ལས་དོན་སྒྲུབ་པར་འགོག་རྐྱེན་ཆེན་པོ་བཟོས།

    རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་ཞའོ་ཆེ་གེ་མོས་ར་བཟི་སྐྱུར་འགོང་གིས་རྐང་བཙུགས་ནས་གཞན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སོ་བཞི་པའི་གཏན་འབེབས་ལས་འགལ་བ་དང་། དྲག་ཤུགས་འཇིགས་སྐུལ་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་པའི་བྱ་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་གཏན་འབེབས་ལས་འགལ་ཡོད། ཉེས་གསོག་གི་དོན་དངོས་ཁ་གསལ་ལ་དཔང་རྟགས་ཁུངས་བཙན་ཞིང་ཆ་ཚང་བས། རྐང་བཙུགས་ནས་གནོད་འཚེ་བཏང་བ་དང་གཞུང་དོན་ལ་འགོག་རྐྱེན་བཟོས་པའི་ཉེས་པ་བསགས་ཡོད། ཞུ་སྦྱོར་ཕྱི་མ་ཞའོ་ཆེ་གེ་མོས་རང་འགུལ་ངང་ཁྲིམས་ཆད་འཁུར་རྒྱུའི་རྣམ་འགྱུར་ལ་དམིགས་ནས་ཁོ་པར་ཁྲིམས་ལྟར་ཁྲིམས་ཆད་ཡང་དུ་གཏོང་རྒྱུ་དང་། མཐར་རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་ཞའོ་ཆེ་གེ་མོར་ཟླ་བ་བཞི་བཀག་ཉར་དང་དངུལ་ཆད་སྒོར་2000གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།