དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལག་རྩལ་གསར་པ་སྤྱད། ཕན་འབྲས་བཟང་པོ་ཐོན།

    —— བོད་དམག་ཁུལ་ཁང་གི་ལུའེ་ཞིག་གིས“ཚན་རྩལ་+”སྤྱད་དེ་འཐབ་ནུས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

    རྒྱབ་ཕྱོགས་ནས་སྤྱིའི་ཚོད་འཛིན་བརྒྱུད། དཔོན་དམག་གི་ཚ་ཁའི་གྲུབ་འབྲས་ལ་ལྟ་བཞིན་པ།

    ཚ་ཁ་ལྟ་སྐབས། རིག་ནུས་མཐའ་སྣེ་སྤྱད་ཚེ་བསྡིགས་ཁུང་སྤྲོད་སྟངས་ལ་སྐབས་ཐོག་སྒྱུར་བཅོས་བྱེད་ཐུབ།

    ཉེ་ཆར། གསར་འགོད་པར་བོད་དམག་ཁུལ་ཁང་གི་ལུའེ་ཞིག་གི་ཡང་བའི་མཚོན་ཆའི་ཚ་ཁ་ལྟ་ཡུལ་ནས་ཤེས་རྟོགས་བྱུང་བར། དེ་སྔའི་འབེན་འོབས་ཀྱི་འགན་ལེན་དཔོན་དམག་མཐོང་རྒྱུ་མེད་པ་མ་ཟད། ཚ་ཁའི་སྐར་གྲངས་ལྟ་མཁན་དང་། འབེན་ལ་ལྟ་མཁན། འབེན་གྱི་ཁུང་བུ་འགོག་མཁན་བཅས་ཀྱང་མཐོང་རྒྱུ་མེད་པར། ཁོང་ཚོའི་ཚབ་བྱེད་རིག་ནུས་འབེན་དང་ཚ་ཁའི་སྐར་གྲངས་བརྗོད་བྱེད་ཀྱི་མཐའ་སྣེས་མི་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་པར་བྱེད།

    “ཚ་ཁ་འགོ་བཙུགས”ཞེས་པའི་བཀའ་བཏང་བ་དང་བསྟུན་ནས་དཔོན་དམག་ཚོས་ཚ་ཁ་ལྟ་འགོ་ཚུགས། ཚ་ཁའི་མཐའ་སྣེ་ནས་མདེའུ་འབེན་དུ་ཕོག་གྲངས་དང་། ཆ་སྙོམས་གདུབ་གྲངས། སྤྱིའི་གྲུབ་འབྲས་སོགས་གསལ་གསལ་ཐིང་ཐིང་དུ་མངོན་གྱི་ཡོད། དཔོན་དམག་ཚོས་གློག་རྡུལ་བརྙན་རིས་ནས་གསལ་བའི་ཚ་ཁའི་སྐར་གྲངས་ལ་གཞིགས་ཏེ། འབེན་ལ་ཕོག་མིན་ཤེས་རྟོགས་དང་། ཚ་ཁའི་ཡོ་འཁྱོག་སྲོང་བ། བསྡིགས་ཁུང་སྤྲོད་སྟངས་ལ་འགྱུར་ལྡོག་གཏོང་བ་སོགས་བྱེད་ཀྱི་ཡོད།

    ལུའེ་དེའི་འབྲེལ་ཡོད་འགན་འཁུར་བས། “མདེའུ་ངོ་མ་བླུགས་ནས་ཚ་ཁ་ལྟ་སྐབས་མི་ཐབས་ལ་བརྟེན་ནས་འགན་ལེན་བྱེད་པ་ནི་དུས་ཚོད་འཕྲོ་བརླག་དང་ཕན་འབྲས་དེ་ཙམ་ཆེན་པོ་མེད་པ་རེད། དེས་ན་ང་ཚོས་ལས་འགན་གྱི་དོན་དངོས་ལ་དམིགས་ནས་མིག་རྒྱང་རིང་དུ་བཏང་སྟེ‘རིག་ནུས་འབེན་རའི’མ་ལག་འཚོལ་ཞིབ་དང་ནང་འདྲེན་བྱས་པ་དང་། གྲངས་གཞི་ཆེན་པོས་དབྱེ་ཞིབ་དང་མཛུབ་ཁྲིད་གནད་འཁེལ་བྱས་ཏེ། དཔོན་དམག་ཚོར་དམིགས་སུ་བཀར་ནས་མི་འདང་ས་འཚོལ་རོགས་དང་ཧེ་བག་གསབ་རོགས་བྱས་པས་སྦྱོང་བརྡར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་སོང”ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།