དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣང་རྫོང་སྤྱི་བདེ་ཅུས་ཀྱིས།

    རིག་དངོས་རྐུ་སྔོག་གི་ཚོགས་པ་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-28

     ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྤྱི་བདེ་ཅུས་ཀྱིས་ཕྱོཌ་མིར་ཞིབ་བཤེར་བྱེད་དུས། མགྲོན་ཁང་ཞིག་ནས་ཞག་སྡོད་ཕྱོགས་མི་5ཡི་སྤྱོད་ཚུལ་ལ་དོགས་པ་ཆེན་པོ་སྐྱེས་པ་དང་། ཁོ་ཚོའི་ཁྲོད་ནས་མང་ཆེ་བ་ནག་ཉེས་བསགས་མྱོང་བ་ཡིན་པ་ཤེས་ཤིང་། ཁོ་ཚོས་བཏང་བའི་རླངས་འཁོར་ནང་ལྕགས་ཆས་འཚོལ་ཞིབ་ཡོ་ཆས་དང་། གསོག་འབིགས་གསོར་མདའ་སོགས་བང་སོ་སྔོག་བྱེད་དུ་སྤྱོད་པའི་ལག་ཆ་ཡོད་པ་ཤེས། དེ་རྗེས་མི་དམངས་ཉེན་རྟོག་པས་མི་ལྔ་པོ་སྤྱི་བདེ་ལས་ཁུངས་སུ་ཁྲིད་ནས་སྔར་བས་འདྲི་རྩད་དང་བརྟག་དཔྱད་བྱས་པ་རེད།

    འདྲི་ཞིབ་ནན་ཏན་དང་ཞིབ་ཚགས་བྱས་པ་བརྒྱུད། ཚོགས་པ་དེས་བང་སོ་སྔོག་བྱེད་ཀྱི་ལག་ཆ་ཉོས་ཏེ་སྣང་རྫོང་གི་སླེབས་རི་གནའ་བོའི་བང་སོའི་རིག་དངོས་སྔོག་རྒྱུའི་དོན་དངོས་ངོས་ལེན་ཞུས་པ་རེད། འོན་ཀྱང་བྱེད་སྤྱོད་མ་སྤེལ་གོང་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་པ་རེད།

    ཉེས་དོན་སྙན་སེང་འབྱོར་རྗེས། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེས་དོན་མྱུལ་ཞིབ་མི་དམངས་ཉེན་རྟོག་པ་སྣང་རྫོང་དུ་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་རོགས་ལ་མངགས། མི་དམངས་ཉེན་རྟོག་པས་སྔར་བས་འདྲི་རྩད་བྱས་པས། ཚོགས་པ་དེར་ལྗོངས་ཕྱི་ནང་དུ་རིག་དངོས་འཚོལ་ཞིབ་ཐིག་ལེན་དང་ལྐོག་སྔོག་གི་ཁྲིམས་འགལ་ཉེས་གསོག་དོན་དངོས་མང་པོ་ཡོད་པ་ཤེས། མིག་སྔར། ཉེས་གསོག་ཚོགས་པ་དེའི་མི་5ཚང་མ་ལྷ་སའི་ཉེན་རྟོག་ཕྱོགས་ལ་བརྟག་དཔྱད་མཉམ་སྒྲུབ་བྱེད་པར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།