དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ངོ་བཅར་གྱི“ཐོགས་མེད་བགྲོད་ལམ”བཏོད་ནས“ཞུ་གཏུག་དང་ལེན་བྱས་མ་ཐག་སྒྲུབ་པར”འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-19

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ནས་སྙེ”ཉེས་གཏུག་བསྐྱར་གཏུག་གི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཚོགས་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་ཞིབ་དཔྱོད་ཀྱི་འགན་འཁྲི་ལེགས་པར་བསྒྲུབས་ནས་དམངས་ཆེད་བྱ་བ་ཧུར་ཐག་བསྒྲུབས་ཡོད། 2023ལོའི་ཟླ་10པར“ནས་སྙེ”ཉེས་གཏུག་བསྐྱར་གཏུག་གི་དམངས་ཆེད་བྱ་བ་དངོས་སྒྲུབ་མཁན་ཚོགས་པར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་ཉེས་གཏུག་བསྐྱར་གཏུག་ཞིབ་དཔྱོད་སྡེ་ཚན་གྱི་སྣེ་ལེན་སྐར་ཁུང་གིས“དམངས་ཆེད་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁྲོད་མཚོན་ཚུལ་ཕུལ་བྱུང་གི་གྱོད་སྒྲུབ་ཚོགས་པའི་མཚན་སྙན་ཐོབ་པ་རེད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་གཡུལ་སར་བྱས་ནས་སྣེ་ལེན་ཞུ་བའི་ཆེད་དོན་སྐར་ཁུང་བཏོད་པ་དང་། ངོ་བཅར་སྣེ་ལེན་ཁང་དང་ཁྲིམས་རྩོད་པའི་ལས་རེས་ཁང་སོགས་ནུས་པའི་ཁུལ་བཀོད་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ། རྒྱང་ཁྲིད་བརྙན་ལམ་མ་ལག་དང་། མྱུར་སྐྱོབ་སྒམ། ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་སྒྲོམ་སྟེགས་སོགས་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བྱས་པ་མ་ཟད། དྲ་ཐོག་དང་དྲ་ཕྱིའི་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་བྱེད་སྒོ་སོགས་ཀྱི་བྱེད་ཐབས་བརྒྱུད་ཚོགས་པའི་མི་སྣའི་འཇོན་ཐང་དང་བྱང་ཚད་མཐོ་རུ་བཏང་སྟེ་ཡ་རབས་དང་ཚད་ལྡན་གྱི་ཞབས་ཞུ་འགན་ལེན་བྱས་ནས་ངོ་བཅར་ཡོང་མཁན་མང་ཚོཊ་ལ“ཐོགས་མེད་བགྲོད་ལམ”བཏོད་ནས“མང་ཚོགས་ཀྱི་ཞུ་གཏུག་དང་ལེན་བྱེད་པའི”ལས་དོན་ཡག་པོ་བསྒྲུབ་པའི་འགན་ལེན་བྱས་ཡོད།

    དེའི་རྨང་གཞིའི་ཐོག་མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་ཚང་མར་ལན་ཡོད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཡ་རབས་ངང་ངོ་བཅར་དང་ལེན་བྱེད་པའི་བྱ་ཐབས་12འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་ངོ་བཅར་དང་ལེན་དང་། ལན་འདེབས། སྒྲུབ་གཉེར་སོགས་ཀྱི་ལྷུ་ཚིགས་ལས་དོན་ཚད་ལྡན་དུ་གཏོང་བ། ཐོག་མ་སྒྲུབ་མཁན་གྱི་འགན་འཁྲི་དང་། འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་ནས་བསྒྲུབས་པ། ཡོངས་བསྒྲགས་དཔང་ཉན། དུས་བཀག་བརྡ་ཁྱབ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ནས“མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་ལ་ལན་ཡོད་པ”བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།