དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྐུ་ཤོར་བའི་རིག་དངོས་82ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-19

    འདི་ནི་རིག་དངོས་གཅིག་སྡུད་ཕྱིར་སྤྲོད་མཛད་སྒོའི་ཐོག་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་རྐུ་ཤོར་བའི་རིག་དངོས་རྩིས་ལེན་བཞིན་པ།

    ཉིན་ཤས་གོང་། མཁར་ལྟག་དགོན་དོ་དམ་ཨུ་ལྷན་དང་། ཤིང་མང་དགོན་དོ་དམ་ཨུ་ལྷན། སྦྱོར་ར་དགོན་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་དང་སྒྱི་གསུམ་གྲོང་ལྷན་གྱི་འགན་འཁུར་བས་རིག་དངོས་རྐུ་རྒྱག་གྱོད་གཞི་དང་འབྲེལ་བ་ཡོད་པའི་རིག་དངོས་གཅིག་སྡུད་ཕྱིར་སྤྲོད་མཛད་སྒོའི་ཐོག་འདེད་ལེན་ཐུབ་པའི་རིག་དངོས་ལ་ལག་པས་བྱིལ་བྱིལ་བྱེད་བཞིན་མིག་ནས་དགའ་བའི་འོད་མདངས་འཕྱུར་ཞིང་། སེམས་ནང་དགའ་ཚོར་གྱིས་ཁེངས།

    ལྷོ་ཁའི་རིམ་གཉིས་སྤྱི་བདེ་ཅུས་ཀྱིས་དུས་ཡུན་ཟླ་བདུན་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། གྱོད་གཞི་རྩད་སྒྲུབ་མི་དམངས་ཉེན་རྟོག་པས་བྱ་སྤྱོད་སྤེལ་རིང་རང་འགུལ་ངང་བརྡར་ཤ་གཅོད་པ་དང་འཛིན་བཟུང་གནད་འཁེལ་བྱས་ནས“འཆད་བཀའ་དགོན་གྱི་མཆོད་རྟེན་རྐུ་ཤོར་བའི་གྱོད་གཞི”དང་། “མཐའ་མཁར་དགོན་དུ་རྐུ་ཤོར་བའི་གྱོད་གཞི” “ཡངས་པ་ཅན་དགོན་དུ་རྐུ་ཤོར་བའི་གྱོད་གཞི”བདེ་བླག་ངང་རྩད་ཆོད་ནས་རྐུ་ཤོར་བའི་རིག་དངོས་82དང་གྱོད་འབྲེལ་དངུལ་སྒོར་ཁྲི་80ལྷག་ཙམ་ལེན་ཐུབ་པ་བྱུང་ཞིང་། གྱོད་འབྲེལ་དངུལ་སྒོར་ཁྲི་80ལྷག་ཙམ་ཟིན་པ་དེ་དག་མཚོ་སྣ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་རྩིས་སྤྲད་པ་དང་། གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་དངུལ་དེ་དག་རྐུ་ཤོར་བའི་དགོན་པ་དང་གྲོང་ལྷན་ལ་རྩིས་སྤྲད་པ་རེད།

    ཉེ་ཆར། མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རིག་དངོས་རྐུ་ཤོར་བའི་གྱོད་གཞི་དང་འབྲེལ་བའི་རིག་དངོས་གཅིག་སྡུད་ཕྱིར་སྤྲོད་ཀྱི་མཛད་སྒོ་འཚོགས་པ་དང་། རྐུ་ཤོར་བའི་རིག་དངོས་82རྐུ་ཤོར་བའི་དགོན་སྡེ་དང་གྲོང་ལྷན་ལ་ཕྱིར་སྤྲད་པ་དང་། མཚོ་སྣ་གྲོང་ཁྱེར་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། རིག་དངོས་ཅུས། འཐབ་ཕྱོགས་གཅིག་གྱུར་པུའུ། མཁར་ལྟག་དགོན་དོ་དམ་ཨུ་ལྷན་དང་། ཤིང་མང་དགོན་དོ་དམ་ཨུ་ལྷན། སྦྱོར་ར་དགོན་དོ་དམ་ཨུ་ལྷན། སྒྱི་གསུམ་གྲོང་ལྷན་སོགས་ཀྱི་ལས་དོན་པ་རིག་དངོས་ཕྱིར་སྤྲོད་ཀྱི་མཛད་སྒོར་ཞུགས་ཡོད་པ་རེད།

    ད་རེས་ཀྱི་བྱེད་སྒོ་དེས་ཉེས་གསོག་པ་ཟིལ་གྱིས་མནན་ནས་མི་སེམས་ལ་ལྕག་སྐུལ་ཐེབས་ཡོད་ལ། མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་ཉེས་གསོག་པར་རྡུང་རྡེག་བཏང་ནས་མི་དམངས་མང་ཚོགས་ཞི་བདེ་བརྟན་ལྷིང་ཡོང་བའི་ཡིད་ཆེས་དང་ཆོད་སེམས་འགན་སྲུང་བྱས་པས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཏན་ཏིག་ཕྱིན་ནས་མཚོ་སྣ་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་སྤྱི་ཚོགས་བཅོས་སྐྱོང་གི་ཁོར་ཡུག་སྔར་བས་བཟང་པོ་ཞིག་གཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།