དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྗོངས་དུག་འགོག་གཞུང་ལས་ཁང་གིས་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་དང་མཉམ་དུ་ལེ་ཧྥུང་ལ་སློབ་སྦྱོང་དང་དུག་འགོག་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-19

    ལྗོངས་དུག་འགོག་གཞུང་ལས་ཁང་གིས་གུང་གཞོན་སྡེ་ཚོགས་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་དང་མཉམ་དུ“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི”སྐབས་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ“ལེ་ཧྥུང་ལ་སློབ་སྦྱོང་བྱེད། ང་ཡིས་ཤེས་དཔལ་ལག་ལེན་གྱི་བྱ་སྤྱོད་སྤེལ”ཞེས་པ་བརྗོད་བྱ་གཙོ་བོའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་དུག་འགོག་འཐབ་རྩོད་ནང་ཧུར་ཐག་ཞུགས་ནས་དམངས་ཡོངས་ལ་དུག་འགོག་གི་འགོག་སྲུང་འཛིང་རགས་བསྐྲུན་དགོས་པའི་འབོད་སྐུལ་བྱས་ཡོད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱས་པ་བརྒྱུད། དུག་འཐེན་ན་མི་སྒེར་གྱི་ཚེ་སྲོག་བདེ་ཐང་ལ་གནོད་འཚེ་བཟོ་བ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་ལ་གནོད་འཚེ་བཟོ་བའི་རྒྱ་ཆེའི་མང་ཚོགས་ལ་ངོས་འཛིན་ཟབ་མོ་བྱུང་ནས་ཚང་མས་རང་དཔེ་གཞན་སྟོན་གྱིས་སྤྱི་ཚོགས་ཀྱི་དུག་འགོག་དྲིལ་བསྒྲགས་པའི་འགན་རང་འགུལ་ངང་ཁུར་ཏེ་དུག་མེད་སྤྱི་ཚོགས་ཀྱི་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།