དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་རུབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་གློག་སྒུལ་སྦག་སྦག་ལ་གཅིག་སྡུད་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འདི་ནི་གཅིག་སྡུད་ཞིབ་བཤེར་བྱ་ཡུལ་ཡིན་པ།

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་གློག་སྒུལ་སྦག་སྦག་ལ་གཅིག་སྡུད་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་རུ་ཆེན་གྱི་ཞིབ་བཤེར་མི་སྣས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གིས་གློག་གསོག་སྐུད་པ་རང་དགར་ཁྲིད་ཡོད་མེད་དང་། ཁུལ་ཆུང་གི་གློག་སྒུལ་སྦག་སྦག་གིས་བདེ་འཇགས་བགྲོད་ལམ་བཟུང་ཡོད་མེད། སྒྲིག་འགལ་ངང་གློག་སྒུལ་སྦག་སྦག་ལ་གློག་གསོག་གི་ཡོད་མེད། གནས་ཡུལ་ཁག་གིས་གློག་སྒུལ་སྦག་སྦག་འཇོག་ས་བཀོད་སྒྲིག་བྱས་ཡོད་མེད། ཉེ་འཁོར་དུ་འབར་སླ་བའི་དངོས་པོ་བཞག་ཡོད་མེད་སོགས་ལ་གཙོ་གནད་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས་ཞིབ་བཤེར་མི་སྣས་འབྲེལ་ཡོད་འགན་འཁུར་བར་ཉིན་རེའི་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གློག་སྒུལ་སྦག་སྦག་གི་མེ་ཟོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་རེ་བ་བཏོན་པ་དང་། ཁང་བདག་དང་བོགས་ལེན་དུད་ཚང་ལ་ཚད་ལྡན་ངང་གློག་སྒུལ་སྦག་སྦག་ལ་གློག་གསོག་པ་དང་གྲོང་མིའི་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པའི་དྲན་སྐུལ་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།