དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས།

    ལོ་འཁོར་གྱི་ཕྱིར་སྐྱོད་དམག་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འདི་ནི་དཔའ་ཉམས་ཆེ་བའི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཁག་ཡིན་པ།

    འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཁག་གིས་མང་ཚོགས་ལ་མེ་ཟོན་རྒྱུན་ཤེས་འགྲེལ་བཤད་རྒྱག་པའི་རྣམ་པ་ཡིན་པ།

    འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་བརྡ་ཁྱབ་སྦྱོར་བའི་རྣམ་པ་ཡིན་པ།

    ཞོགས་པ་སྔ་མོར་ཤུ་སྒྲ་དང་མཉམ་དུ་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་དང་དམག་གསར་སྦྱོང་བརྡར་རུ་ཆེན་གྱི་ལོ་འཁོར་གྱི་ཕྱིར་སྐྱོད་དམག་སྦྱོང་དངོས་སུ་བྱེད་འགོ་ཚུགས་ཤིང་། དེ་ནི་སྤྱི་ཁྱབ་རུ་ཁག་དེའི་2023ལོར་བསྡུས་པའི་མེ་ཟོན་རུ་མི་ཕྱིར་སྐྱོད་དམག་སྦྱོང་ལ་ཞུགས་ཐེངས་དང་པོ་ཡིན་པ་རེད།

    བཀོད་འཐབ་པ་ཚོས་སྐད་གསང་མཐོ་པོས་བརྗིད་རྔམ་ལྡན་པའི་གླུ་གཞས་ལེན་བཞིན་གྲལ་བསྟར་འགྲིག་པའི་གོམས་སྟབས་སྤོས་ནས་ཉིན་རེར་སྤྱི་ལེ་25སྐྱོད་དགོས་པའི་ལྗིད་ཁུར་ཕྱིར་སྐྱོད་དམག་སྦྱོང་གི་རྒྱང་ལམ་དུ་ཁ་དོག་རྣམ་པར་བཀྲ་བའི་རུ་དར་གྱི་རྗེས་སུ་འབྲངས་ཏེ་མུ་མཐུད་མདུན་དུ་བསྐྱོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རུ་ཆེན་དང་དམག་གསར་སྦྱོང་བརྡར་རུ་ཆེན་གྱིས་ཐེངས་འདིའི་ཕྱིར་སྐྱོད་དམག་སྦྱོང་དེ་དགུན་སྦྱོང་གི་ཚ་རླབས་འཕྱུར་བར་བྱེད་པའི་བྱེད་ཐབས་དངོས་སུ་བརྩིས་ཡོད་པ་རེད།

    སྦྱོང་བརྡར་བརྒྱུད་རིམ་ཁྲོད། བཀོད་འཐབ་པ་ཚོས་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཟིན་པའི་རྒྱུས་མེད་ས་ཁོངས་སུ་ལྗིད་ཁུར་དམག་སྐྱོད་སྤྱི་ལེ་25བྱས་པ་མ་ཟད། ད་དུང་ས་དབྱིབས་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་མེ་འགོག་དྲིལ་བསྒྲགས་དང་། སྲོག་ཐར་རྩལ་ནུས་སྒྲོག་འགྲེལ། རི་ཁུལ་ནས་ཆུ་འཐེན་འཕྲུལ་འཁོར་སྤྱད་དེ་མེ་གསོད་པ། ཁང་ཕྱིར་མེ་གཏོང་བ། དངོས་འཐབ་དངོས་སྦྱོང་གི་སློབ་ཚན་ཁྲིད་པ་སོགས་བྱས་ཏེ། བཀོད་འཐབ་པ་ཚོའི་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་འཇོན་ཐང་སྔར་བས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།