དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཆུ་གསུམ་མཐའ་མཚམས་མངགས་གཏོང་ཁང་གིས་གངས་ཁྲོད་དུ་ལུས་པའི་ཟོག་འདྲེན་རླངས་འཁོར་ཞིག་ཉེན་ཁ་ལས་སྒྲོལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འདི་ནི་ཆུ་གསུམ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གངས་གཤོང་བཞིན་པ།

    ཉེ་ཆར་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆུ་གསུམ་མཐའ་མཚམས་མངགས་གཏོང་ཁང་གིས་གངས་ཁྲོད་དུ་ལུས་པའི་ཟོག་འདྲེན་རླངས་འཁོར་ཞིག་ཉེན་ཁ་ལས་སྒྲོལ་རོགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་26ཉིན་གྱི་མཚན་མོའི་ཆུ་ཚོད་10པ་ཙམ་ལ། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆུ་གསུམ་མཐའ་མཚམས་མངགས་གཏོང་ཁང་ལ། ལམ་ངོས་སུ་གངས་གསོག་ཐེབས་པས་རླངས་འཁོར་སྐྱོད་ཐབས་བྲལ་སོང་ཞེས་པའི་མང་ཚོགས་ཀྱི་ཛ་དྲག་རོགས་སྐྱོབ་རེ་ཞུའི་ཁ་པར་ཞིག་འབྱོར་འཕྲལ་མི་དམངས་ཉེན་རྟོག་པས་རོགས་སྐྱོབ་ཡོ་ཆས་འཁྱེར་ནས་ལམ་སེང་གནས་ཚུལ་ཐོན་ཡུལ་དུ་སྐྱོད།

    མི་དམངས་ཉེན་རྟོག་པ་གནས་ཚུལ་ཐོན་ཡུལ་དུ་འབྱོར་སྐབས་སྒེར་གྱི་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་གངས་ཁྲོད་དུ་ལུས་ནས་བསྡད་ཡོད་པ་རེད། དེ་འཕྲལ་མི་དམངས་ཉེན་རྟོག་པས་ཡོ་ཆས་འཁྱེར་ཏེ་ཆུ་ཚོད་1ལྷག་ཙམ་གངས་བཤངས་ནས་རླངས་འཁོར་འདོན་རྩིས་བྱས་རུང་། ལམ་ངོས་སུ་འཁྱགས་པ་ཐེབས་པས་འདྲེད་བརྡབ་ཤོར་སླ་བ་མ་ཟད་རླངས་འཁོར་ནང་དངོས་ཟོག་བྱུར་བུར་བླུགས་ཡོད་པས་རླངས་འཁོར་འདོན་མ་ཐུབ། དེ་ནས་མི་དམངས་ཉེན་རྟོག་པས་སྔོན་ལ་དེ་གར་ལུས་པའི་མི་རྣམས་ཤང་དུ་བསྐྱལ་ནས་བཀོད་སྒྲིག་ལུགས་མཐུན་བྱེད་རྒྱུའི་ཐག་བཅད། ཉིན་གཉིས་པའི་ཞོགས་པར་མངགས་གཏོང་ཁང་གིས་འཐེན་འཁོར་ཆེ་གྲས་ཤིག་བཀོད་སྒྲིག་བྱས་ནས་གངས་ཁྲོད་དུ་ལུས་པའི་ཟོག་འདྲེན་རླངས་འཁོར་དེ་བཏོན་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།