དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷུན་གྲུབ་རྫོང་ཞིབ་དཔྱོད་ཁང་གིས།

    ཞིང་པ་ལས་མིའི་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་29ལྷག་ཙམ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

     ལྷུན་གྲུབ་རྫོང་ཕུ་མདོ་ཤང་ལྕགས་སྒེ་གྲོང་ཚོའི་གྲོང་མིས་འགྱངས་ཆད་བྱས་པའི་གླ་ཆ་ལེན་བཞིན་པ།

     ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་11པར་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་འགན་འཁྲི་སྒྲུབ་རིང་ཕུ་མདོ་ཤང་གི་ལམ་སྐྱོང་ཁུལ་དང་ལྗོངས་གཟིགས་སྒང་གི་རྣམ་གྲངས་བསྐྲུན་རིང་ཀུང་སི་ཞིག་གིས་ས་གནས་དེ་གའི་གྲོང་མིའི་གླ་ཆ་འགྱངས་ཆད་བྱས་པའི་གནད་དོན་ཤེས་རྟོགས་བྱུང་ཡོད། འགྱངས་ཆད་བྱས་པའི་དངུལ་གྱི་ཁོངས་སུ་བྱེ་རྡོ་དབོར་འདྲེན་གྱི་གྲོན་དངུལ་དང་། འཕྲུལ་ཆས་ཀྱི་དངུལ། རྒྱུ་ཆའི་དངུལ་བཅས་བསྡོམས་སྒོར་299990ཚུད་ཡོད།

    ཁུངས་སྣེ་ཤེས་རྗེས་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྔ་རྗེས་སུ་དོ་བདག་དང་འབྲེལ་བ་བྱས་ཏེ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་པ་མ་ཟད། དཔང་རྟགས་འཚོལ་རོགས་ཀྱང་བྱས་པ་རེད། 2024ལོའི་ཟླ་དང་པོར་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་ཞིབ་དཔྱོད་དང་རྒྱབ་སྐྱོར་ཞུ་གཏུག་གི་ལས་དོན་ཐད་མུ་མཐུད་ནུས་ཤུགས་འདོན་པ་དང་སྤྱི་འདོམས་སྐུལ་འདེད་བཏང་སྟེ། 2024ལོའི་ཟླ་2ཚེས་19ཉིན་གྲོང་མིར་འགྱངས་ཆད་བྱས་པའི་དངུལ་བསྡོམས་སྒོར་299990ལེན་རོགས་བྱས་པ་དང་ཆབས་ཅིག་འཕྲལ་མར་ཁོང་ཚོའི་ལག་ཏུ་སྤྲད་ཡོད།

    གླ་ཆ་རག་རྗེས་མང་ཚོགས་ཚོ་སེམས་འགུལ་ཚད་མེད་ཐེབས་ཤིང་། མི་དམངས་ཞིབ་དཔྱོད་ཁང་དང་ཞིབ་དཔྱོད་དཔོན་ལ་གཅིག་རྗེས་གཉིས་མཐུད་ངང་ཐུགས་རྗེ་ཆེ་ཞུས་ཡོད། དེས་མ་ཚད་ཕུ་མདོ་ཤང་ལྕགས་སྒེ་གྲོང་ཚོའི་གླ་ཆ་འགྱངས་ཆད་བྱས་པའི་མང་ཚོགས་ཀྱི་འཐུས་མིས་ད་དུང་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་གོས་དར་སྤྲད་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།