དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    མེ་ཟོན་བདེ་འཇགས་ཀྱི་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12


    འདི་ནི་ཞིབ་བཤེར་མཁན་གྱིས་མགྲོན་ཁང་ཞིག་གི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།

     ཉེ་ཆར། མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་འཕྲལ་སྡོམ་ཅུས་དང་། ཁྲོམ་ར་ལྟ་འདོམས་ཅུས། སྤྱི་བདེ་ཅུས་བཅས་དང་མཉམ་དུ་རྫོང་ཁོངས་སུ་མེ་ཟོན་བདེ་འཇགས་ཀྱི་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་། ཞིབ་བཤེར་མི་སྣས་དྲ་ཁང་དང་། KTV བཟའ་བཏུང་ཁང་། མགྲོན་ཁང་སོགས་མི་སྣ་འདུ་འཛོམས་བྱེད་མང་བའི་གཉེར་སྐྱོང་བྱ་ཡུལ་ཁག་གཅིག་ལ་གྲལ་བཤེར་ཞིབ་ཚགས་བྱས་ཤིང་། ཞིབ་བཤེར་བྱེད་རིང་བྱེད་སྒོ་སྤེལ་ཡུལ་ཁག་གི་མེ་ཟོན་སྒྲིག་བཀོད་ཆ་ཚང་མིན་དང་། མེ་ཟོན་བགྲོད་ལམ་ཤར་གཏོང་ཡིན་མིན། ཁ་འགྲེམས་སྟོན་ཕྱོགས་མཚོན་རྟགས་གསལ་པོ་ཡོད་མེད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་འབྲེལ། ས་གནས་ས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བཀའ་ཕབ་ནས་དུས་བཀག་ནང་དག་ཐེར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་དུས་མཚུངས། གཉེར་སྐྱོང་ཚན་པའི་འགན་འཁུར་བར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཁོང་ཚོར་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པ་དང་། མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དོན་འཁྱོལ་ནན་པོ་བྱེད་དགོས་པ། ལས་མིར་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། འཕྲལ་སྡོམ་ཐག་གཅོད་འཇོན་ཐང་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་པ་རེད།

    ད་ཐེངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་བཅོས་སྒྲིག་བྱ་སྤྱོད་ཆེན་པོ་སྤེལ་བ་བརྒྱུད། ཚོང་གཉེར་ཁྲོམ་ར་ཁག་གཅིག་གི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོ་ཐུབ་ནས་རྒྱ་ཆེའི་གྲོང་མིར་བདེ་འཇགས་དང་བདེ་ཐང་ལྡན་པའི་ཚོང་གཉེར་ཁོར་ཡུག་ཅིག་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།