དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི་འགག་སྒྲོལ་ནང་སྦྱོང་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི་འགག་སྒྲོལ་ནང་སྦྱོང་ཆེན་པོ་བྱས་པ་རེད།

    ནང་སྦྱོང་མ་བྱས་གོང་། ནང་སྦྱོང་ལ་ཞུགས་མཁན་བཀོད་འཐབ་པས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་སྒྲིག་ཆས་ཀྱི་བཀོད་སྒྲིག་དང་། བེད་སྤྱོད་གཏོང་ཚུལ། དེ་བཞིན་མེ་གསོད་བགྲོད་ལམ་དང་། མེ་ཟོན་མཐོ་སྒྲོམ་ལས་སྒྲུབ། ཕྱི་རོལ་གྱི་མེ་གསོད་ཆུ་ཁུངས་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་རྒྱུས་མངའ་ལོན་པར་བྱས་ནས་མཐིལ་རྟོགས་དང་གནས་ཚུལ་གསལ་པོ་ཡོང་བར་བྱས་པ་རེད།

    ད་ཐེངས་ཀྱི་ནང་སྦྱོང་བྱས་པ་ལས་འབྲེལ་ཡོད་ཚན་པའི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་བ་དང་གསོ་སྦྱོང་ལ་ཞུགས་མཁན་གྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་མེ་སྐྱོན་ཐོན་མ་ཐག་སེལ་བའི་ནུས་པ་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་པོ་ཡོང་བར་རྨང་གཞི་བཏིང་བ་རེད།

    གོང་གི་པར་ནི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི་འགག་སྒྲོལ་ནང་སྦྱོང་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།