དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བྲག་ཡིབ་ཆུས་ཁྲིམས་ཁང་གིས།

    ཞུ་གཏུག་མ་བརྒྱབ་གོང་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འདི་ནི་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གི་དྲུང་ཡིག(གཡས)གིས་བགྲེས་སོང་ལ་དྲ་ཐོག་ལས་སྟེགས་བཀོལ་སྤྱོད་བྱེད་སྟངས་སློབ་བཞིན་པ།

    ལོ་དྲུག་ཅུར་སླེབས་པའི་བགྲེས་སོང་ཞིག་གདོང་གཤིས་སྐྱོ་པོས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་ལས་དོན་པར“གཞན་གྱིས་ངའི་གླ་ཆ་འགྱངས་ཆད་བྱས་ཏེ་རྩ་བ་ནས་སྤྲད་མ་བྱུང་། ངས་བཅའ་ཁྲིམས་མ་ཤེས་པས་ཡར་རྒྱུག་མར་རྒྱུག་གང་འདྲ་བྱས་ཀྱང་གནས་ཚུལ་ཐག་གཅོད་ཐུབ་མ་བྱུང་། ཁྱེད་ཚོས་ང་ལ་རོགས་པ་གནང་རོགས”ཞེས་བཤད།

    ལས་དོན་པས་བགྲེས་སོང་དྲོ་སྐྱིད་ཞབས་ཞུ་ཁུལ་དུ་འབོད་ནས་ཆུ་ཁོལ་བླུགས་ཏེ་ངལ་གསོ་རུ་བཅུག་རྗེས་ཞུ་གཏུག་མ་བརྒྱབ་གོང་གི་ཁྲིམས་དཔོན་དང་འབྲེལ་བ་བྱས། ཞུ་གཏུག་མ་བརྒྱབ་གོང་གི་ཁྲིམས་དཔོན་འབྱོར་མ་ཐག་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་4པར་བགྲེས་སོང་གིས་ཞུ་གཏུག་རྒྱག་སའི་དོ་བདག་ཕྱོགས་ཀྱི་ལས་གྲྭར་ལས་ཀ་བྱས་ཡོད། འོན་ཀྱང་ལས་གྲྭ་མཇུག་འགྲིལ་རྗེས་དོ་བདག་ཕྱོགས་ཀྱིས་གླ་ཆ་སྒོར་4000ལྷག་ཙམ་སྤྲོད་རྒྱུ་གཏན་ནས་ཁས་བླངས་མེད། རང་ཉིད་ཀྱི་དཀའ་ལས་བརྒྱབ་པའི་དངུལ་རག་ཆེད། བགྲེས་སོང་གིས་དོ་བདག་ཕྱོགས་ལ་གནས་ལུགས་རྒྱུ་མཚན་ཡག་པོ་བཤད་ནས་གླ་ཆ་སྤྲོད་དགོས་ལུགས་བཤད་ཀྱང་དོ་བདག་ཕྱོགས་ཀྱིས་གནས་ཚུལ་གང་རུང་ལ་ཁ་གཡར་ནས་གླ་ཆ་སྤྲོད་མི་ཐུབ་ཅེས་བཤད།

    བགྲེས་སོང་ལོ་ན་མཐོ་བ་དང་། དཔལ་འབྱོར་ལ་དཀའ་ངལ་ཡོད་པ། རིག་གནས་ཆུ་ཚད་དམའ་བ། གཏུག་བཤེར་བརྒྱུད་རིམ་དང་དྲ་ཐོག་འདུམ་འགྲིག་བཀོལ་སྤྱོད་ལ་རྒྱུས་མངའ་གཏན་ནས་མེད་པ་བཅས་ཀྱི་གནས་ཚུལ་འོག་དམིགས་བསལ་གྱི་རྒྱུ་རྐྱེན་དེ་དག་ལ་བསམ་གཞིག་བྱས་ནས་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས་འཕྲལ་མར་བགྲེས་སོང་ལ“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ཏེ། གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་བྱ་ཐབས་སྤྱད་དེ་བགྲེས་སོང་ལ་གླ་ཆའི་རྩོད་གཞི་གང་མགྱོགས་ཐག་གཅོད་བྱེད་རོགས་བྱས་ནས་བློ་བདེ་པོའི་ངང་ཕ་ཡུལ་དུ་ལོ་གསར་གཏོང་བར་ལོག་ཐུབ་པ་བྱ་རྒྱུའི་གཏན་འཁེལ་བྱས།

    ཞུ་གཏུག་མ་བརྒྱབ་གོང་གི་ཁྲིམས་དཔོན་གྱིས་དོ་བདག་ཕྱོགས་ལ་ཁ་པར་རྒྱག་སྐབས་ཕར་ཕྱོགས་ཀྱིས་གླ་ཆ་འགྱངས་ཆད་བྱས་མེད་ཅེས་བཤད་སྟབས། གྱོད་གཞི་འདུམ་འགྲིག་གི་ལས་ཀ་ཅི་བྱ་གཏོལ་མེད་དུ་གྱུར། ཞུ་གཏུག་མ་བརྒྱབ་གོང་གི་ཁྲིམས་དཔོན་གྱིས་དྲུང་ཡིག་དང་མཉམ་དུ་ཕྱོགས་གཅིག་ནས་བགྲེས་སོང་ལ་སེམས་གསོ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ངང་རྒྱུད་རིང་པོས་དོ་བདག་ལ་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་རྒྱུ་མཚན་བཤད། ཕར་ཕྱོགས་ལ་མིག་སྔའི་གྱོད་གཞི་འདིའི་དཔང་རྟགས་ཁུངས་བཙན་པ་དང་། བཅའ་ཁྲིམས་ཀྱི་དོན་དངོས་ཁ་གསལ་བ། འབྲེལ་བ་ཁ་གསལ་བ་བཅས་ཡོད་པས་དོ་བདག་ཕྱོགས་ཀྱིས་གལ་སྲིད་གླ་ཆ་སྤྲོད་པའི་འོས་འགན་མ་བསྒྲུབས་ན“ཡིད་རྟོན་ཤོར་བའི་མིང་ཐོ་ནག་པོའི”ནང་འཇུག་སྲིད། མིང་ཐོ་དེའི་ནང་བཅུག་ན་མི་སྒེར་གྱི་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། ནང་མི་དང་བུ་ཕྲུག་གི་ཡིད་རྟོན་ལའང་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་ལུགས་གསལ་པོ་བཤད། འདུམ་འགྲིག་ཧུར་ཐག་བྱས་པར་བརྟེན་དོ་བདག་གིས་གླ་ཆ་མ་སྤྲད་ན་མཇུག་འབྲས་ཚབས་ཆེན་ཡོད་པ་ཤེས་ནས། གླ་ཆ་སྤྲོད་པའི་དུས་བཀག་གཏན་འཁེལ་བྱས། ཞུ་གཏུག་མ་བརྒྱབ་གོང་གི་ཁྲིམས་དཔོན་གྱིས་མི་དམངས་འདུམ་འགྲིག་ལས་སྟེགས་ཀྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་ཀྱི“སྣ་མང་འདུམ་འགྲིག”བརྒྱུད། བགྲེས་སོང་ལ་ལག་ཐོགས་ཁ་པར་གྱི་Appསྤྱོད་སྟངས་བསླབས་ཡོད། མཐར་གྱོད་གཞི་འདི་བདེ་བླག་ངང་འདུམ་འགྲིག་ཐུབ་པ་དང་དོ་བདག་ཕྱོགས་གཉིས་པོས་འདུམ་འགྲིག་བྱས་འབྲས་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ཞུ་གཏུག་མ་བརྒྱབ་གོང་འདུམ་འགྲིག་བྱས་པ་བརྒྱུད་དོ་བདག་ཕྱོགས་གཉིས་པོ་ཁ་གཏད་དུ་ལངས་པའི་གནས་སྟངས་ཞི་ལྷོད་དུ་སོང་བ་མ་ཟད། རེ་འདུན་ཞུ་མཁན་ལ་ལས་ཕྱོད་ཆེ་བ་དང་མ་གནས་དམའ་བའི་ཐོག་ནས་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་རོགས་ཀྱང་བྱས་ནས་དོ་བདག་ཕྱོགས་གཉིས་པོར་སྟབས་བདེའི་འདུམ་འགྲིག་ལས་སྟེགས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།