དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་ས་གྲོང་ཁྱེར་མེ་ཟོན་རུ་ཆེན་གྱིས་རོགས་སྐྱོབ་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    འདི་ནི་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་དཔོན་དམག་གིས་ཐག་འཁྱུད་རོགས་སྐྱོབ་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་མེ་ཟོན་བཀོད་འཐབ་པས་འཁྱགས་ངོས་སུ་རང་སྐྱོབ་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱི་དཔོན་དམག་གིས་མེ་གསོད་ཀྱི་ཕྱིར་འཁྲིད་ནང་སྦྱོང་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་གྲང་ངར་ཆེ་བའི་ཆ་རྐྱེན་འོག་ལས་འགན་སྣ་མང་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་ཆེད། “མཉམ་སྡེབ་དང་། ཆེད་ལས། སློབ་ཚན་བཅས་ཟུང་དུ་འབྲེལ་བའི”སྦྱོང་བརྡར་བྱེད་སྟངས་ལ་གཞིགས་ནས་བཀོད་འཐབ་པ་སྒྲིག་འཛུགས་བྱས་ཏེ་རྨང་གཞིའི་ལུས་ཤུགས་དང་། ས་ཡོམ་གྱི་རོགས་སྐྱོབ། ནགས་ཚལ་གྱི་མེ་ཟོན་དང་མེ་གསོད་སོགས་ཀྱི་བརྗོད་གཞིར་སོ་སོར་དམིགས་ཏེ། འཐབ་རྩལ་དང་སྦྱོང་བརྡར་བྱེད་རྩལ་གསར་གཏོད་ཤུགས་ཆེན་བྱེད་པ་དང་། འཐབ་སྦྱོང་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། དམིགས་སའི་རང་བཞིན་དང་ཞིབ་དཔྱོད་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་བསྡུས་ནང་སྦྱོང་དང་དམག་གྲབས་ནང་སྦྱོང་སོགས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་གྲང་ངར་ཆེ་བའི་གནམ་གཤིས་འོག་སྦྱོང་བརྡར་གྱི་ཚ་རླབས་ཤིག་འཕྱུར་བར་བྱས་པ་རེད།

    ད་རེས་ཀྱི་དགུན་དུས་ཀྱི་སྦྱོང་བརྡར་ཆེན་པོ་བརྒྱུད་སྦྱོང་བརྡར་དངོས་འཐབ་ལ་བརྩི་བའི་བཀོད་འཐབ་པའི་དམག་འཐབ་ཀྱི་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་པ་དང་། སྦྱོང་བརྡར་དངོས་འཐབ་ལ་བརྩི་བའི་སྤྱོད་ཚུལ་ལེགས་སུ་བཏང་བས་དཔུང་ཁག་གི་འཕྲལ་སྡོམ་དམག་གྲབས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།