“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ།
འདི་ནི་འཕྱོངས་རྒྱས་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་འཕྱོངས་རྒྱས་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་རོལ་རྩེད་དང་བཅས“ཁྲིམས་སྐྱོང་གི་སློབ་ཚན་དང་པོ”འཚོག་བཞིན་པ།
འདི་ནི་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གི་དཔོན་དམག་ཚོ་རྒན་གསོ་ཁང་དང་བཅའ་སྡོད་བྱ་ཡུལ་སྡེ་ཁུལ་དུ་བསྐྱོད་དེ། རྒན་རྒོན་ཚོར་འཕུར་མཉེད་དང་སྐྲ་བཞར་བ་སོགས་དང་བླངས་ཞབས་འདེགས་ཞུ་བཞིན་པ།
འདི་ནི་མེ་ཏོག་རྫོང་དགུ་ཐང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་མེ་ཏོག་བཅའ་སྲུང་ཡན་ལག་རུ་ཁག་དང་མཉམ་དུ་བྱེད་ནུས་མང་བའི་དང་བླངས་ཞབས་ཞུ་རུ་ཁག་ཅིག་བཙུགས་ཏེ། མང་ཚོགས་ཀྱི་ཁྱིམ་དུ་བཅའ་ཁྲིམས་རོགས་སྐྱོར་དང་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་བཞིན་པ།
ཉེ་ཆར། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལེ་ཧྥུང་གི་གཏམ་རྒྱུད་བསྐྱར་དྲན་དང་ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་རེད།