ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཐེམ་ཐོའི་ལས་སྒོའི་རང་འདོད་སྒྲུབ་གཉེར་སྒྲིག་ཆས་ལེགས་སྒྲིག་བྱས་པ།
ཉིན་ཤས་གོང་། མི་དམངས་མང་ཚོགས་ཀྱིས་ཐེམ་ཐོ་དོ་དམ་ཞབས་ཞུའི་ལས་དོན་ལ་བཏོན་པའི་རེ་བ་གསར་པར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བརྡ་ལན་ཧུར་ཐག་བསློགས་ཏེ། བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱིས་སྔར་ཡོད་ཀྱི་ལས་སྒོའི་རྨང་གཞིའི་ཐོག“ཐེམ་ཐོའི་ལས་སྒོའི་རང་འདོད་སྒྲུབ་གཉེར”གྱི་འབྲེལ་ཡོད་སྒྲིག་ཆས་ལེགས་སྒྲིག་བྱས་པ་རེད།
“ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བླུགས་ཚེ་པར་རྒྱག་པ་དང་། ཆ་འཕྲིན་བསྡུ་རུབ། ཆ་འཕྲིན་ཞིབ་དཔྱད། རང་འདོད་གྲོན་དངུལ་སྐྱེལ་བ་སོགས་ཀྱི་ལས་སྒོ་རབ་དང་རིམ་པ་གཉེར་ཐུབ་པ་མ་ཟད། ད་དུང་བང་སྒྲིག་མི་དགོས་པས་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཐོབ་ཐང་ལག་ཁྱེར་གསབ་གཉེར་བྱེད་མཁན་གྱི་མཁྱེན་ལྡན་མ་བསོད་ལགས་ཀྱིས་དགའ་ཚོར་ཆེན་པོས་བཤད།
མིག་སྔའི་བར་བྲག་ཡིབ་ཆུས་དང་ཀོང་པོ་རྒྱ་མདའ་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་ཐེམ་ཐོའི་སྡེ་ཚན་གྱིས་རང་འདོད་སྒྲིག་ཆས་སྤྱད་ནས་མི་170ལྷག་ཙམ་ལ་ཐོབ་ཐང་ལག་ཁྱེར་སྒྲུབ་གཉེར་རེ་ཞུ་བྱས་པ་དང་། ཐོབ་ཐང་ལག་ཁྱེར་120ལྷག་ཙམ་སྤྲད་པ། ཐེམ་ཐོའི་རིགས་ཀྱི་དཔང་རྟགས་10ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད།