སྲོལ་ཡིག་ནང་གཏན་འབེབས་ཁ་གསལ་བྱས་པ།
《རྡོ་སོལ་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་ནང་རྡོ་སོལ་ཁེ་ལས་ལ་ངེས་པར་དུ་རྡོ་སོལ་གྱི་སྒྲིག་ཆས་དང་བདེ་འཇགས་ཐོན་སྐྱེད་ལག་རྩལ་ཤེས་མཁན་གྱི་འགོ་འཛིན་དང་། ཐོན་སྐྱེད་ཀྱི་འགོ་འཛིན། བདེ་འཇགས་ཀྱི་འགོ་འཛིན། འཕྲུལ་གློག་གི་འགོ་འཛིན། སྤྱི་ཁྱབ་བཟོ་བཀོད་པ་བཅས་ཡོད་དགོས་པའི་གཏན་འབེབས་བྱས་ཡོད།
འདི་ནི་གསར་འགོད་པས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཆར་ཅན་བརྡ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡིན་པ།