དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྟེང་ཆེན་རྫོང་མི་དམངས་དྲག་ཆས་པུས།

    དམག་བསྡུའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-05

    ཉེ་ཆར། སྟེང་ཆེན་རྫོང་མི་དམངས་དྲག་ཆས་པུས་སྔ་ཙམ་ཇུས་འགོད་དང་སྔ་ཙམ་བཀོད་སྒྲིག་བྱས་ཏེ་བྱ་ཐབས་སྣ་ཚོགས་སྤྱད་ནས་དམག་བསྡུའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་བ་རེད།

    ཟླ་1ཚེས་24ཉིན། སྟེང་ཆེན་རྫོང་གིས་2024ལོའི་དམག་བསྡུའི་ལས་དོན་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཀྱི་ཡིག་ཆ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། 2023ལོ་འཁོར་གྱི་ཤང(གྲོང་རྡལ)གི་དམག་བསྡུའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་2024ལོའི་དམག་བསྡུའི་མི་གྲངས་བཀོད་སྒྲིག་དང་2023ལོ་འཁོར་གྱི་དམག་བསྡུའི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྟེང་ཆེན་རྫོང་མི་དམངས་དྲག་ཆས་པུས་དྲིལ་བསྒྲགས་ཚོགས་ཆུང་བཙུགས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དམག་བསྡུའི་ལས་དོན་དྲིལ་བསྒྲགས་བྱས་ཡོད། རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་དམག་བསྡུའི་སྲིད་ཇུས་དང་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་བྱས་པ་བརྒྱུད། ཕྱིར་སློབ་གྲྭར་འགྲོ་བ་དང་གླ་པ་རྒྱུག་པའི་ལོ་ལོན་གཞོན་ནུ་100ལྷག་ཙམ་གྱི་ཁྱིམ་ཚང་ལ་དམག་བསྡུའི་ལས་དོན་གྱི་བརྒྱུད་རིམ་གསལ་འགྲེལ་བྱས་ནས་ཕྱིར་ཡོད་པའི་ལོ་ལོན་གཞོན་ནུ་20ཕ་ཡུལ་དུ་ལོག་ནས་དམག་དཔུང་ལ་ཞུགས་རྒྱུའི་སྐུལ་སློང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།