དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།

    སྦག་སྦག་བརྐུས་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-05

    བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྐུ་རྒྱག་ལ་འགོག་ཟོན་དང་རྡུང་རྡེག་གཏོང་བའི་ཉེས་གསོག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། རྡུང་འགོག་ཟུང་འབྲེལ་དང་ཐབས་མང་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བསྲུངས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་འཚིམ་ཚད་ཆེ་རུ་བཏང་ཡོད།

    ཟླ་2ཚེས་20ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྦག་སྦག་བརྐུས་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་ནས་ཉེས་གསོག་དོགས་ཅན་2བཟུང་བ་དང་བརྐུས་པའི་སྦག་སྦག་ཚུར་བླངས་པ་རེད།

    ཟླ་2ཚེས་19ཉིན་གྱི་ཆུ་ཚོད་18ཙམ་ལ། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བྱམས་མདུན་གྲོང་རྡལ་གྱི་གྲོང་མི་སྦྱིན་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར་བ་ལྟར་ན། ཁོང་གིས་ངའི་སྦག་སྦག་བརླགས་ནས་ཉིན་3ཕྱིན་སོང་བས་སྤྱི་བདེ་ཅུས་ཀྱིས་བརྟག་དཔྱད་གནང་རོགས་ཞེས་ཞུས།

    གྱོད་དོན་སྙན་སེང་འབྱོར་རྗེས་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་མྱུལ་ཞིབ་ཀྱི་ལས་དོན་སྤེལ་ནས་དབྱེ་ཞིབ་ཞིབ་གཅོད་དང་། མྱུལ་ཞིབ་ཞིབ་ཚགས། འདྲི་རྩད་གྲལ་བཤེར་བཅས་བརྒྱུད། ཉེས་གསོག་དོགས་ཅན་ཡེ་ཆེ་གེ་མོ་དང་ཟླ་ཆེ་གེ་མོ་མྱུར་དུ་གཏན་འཁེལ་བྱུང་བ་མ་ཟད། ཟླ་2ཚེས་20ཉིན་གྱི་ཆུ་ཚོད་15ཙམ་ལ། བྲག་གཡབ་རྫོང་གི་རྫོང་གྲོང་ནས་ཉེས་གསོག་དོགས་ཅན་ཡེ་ཆེ་གེ་མོ་དང་ཟླ་ཆེ་གེ་མོ་བཟུང་བ་རེད།

    བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཡེ་ཆེ་གེ་མོ་དང་ཟླ་ཆེ་གེ་མོས་ཟླ་2ཚེས་16ཉིན་གྱི་ཆུ་ཚོད་15ཙམ་ལ་བྲག་གཡབ་རྫོང་གི་ཁུལ་ཆུང་ཞིག་ནས་སྦག་སྦག་གི་ལྡེ་མིག་སྤྱད་དེ་གནོད་འཚེ་ཕོག་མཁན་གྱི་སྦག་སྦག་གི་སྒོ་ལྕགས་ཕྱེ་ནས་བཏང་ཕྱིན་པ་རེད།

    མིག་སྔར་གྱོད་གཞི་འདི་སྔར་བས་སྒྲུབ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།