དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བསམ་ཡས་གྲོང་རྡལ་མངགས་གཏོང་ཁང་གིས།

    སྤྱི་ཚོགས་འགན་སྲུང་གཱ་བརྐུས་པའི་གྱོད་གཞི་ཞིག་མགྱོགས་མྱུར་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-05

     ཟླ་1ཚེས་28ཉིན་གྱི་ཆུ་ཚོད་11ཙམ་ལ། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་པད་ཆེ་གེ་མོས་གཟབ་གཟབ་མ་བྱས་པའི་དབང་གིས་རང་ཉིད་ཀྱི་ཕའི་སྤྱི་ཚོགས་འགན་སྲུང་གཱ་བོར་བརླགས་སོང་ནས་གཱ་གསར་པ་ཞིག་བཟོ་བའི་སྐབས་སྤྱི་ཚོགས་འགན་སྲུང་གཱ་ནས་དངུལ་སྒོར་12500རྐུ་ཤོར་བའི་གནས་ཚུལ་སྙན་སེང་ཞུས།

    གནས་ཚུལ་དེ་འབྱོར་འཕྲལ་མངགས་གཏོང་ཁང་གིས་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་རྒྱུ་ནོར་རྐུ་རྒྱག་གི་ཉེས་གསོག་གྱོད་གཞིར་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱར་གཞིགས་ནས། རྐུ་རྒྱག་གི་གྱོད་གཞི་སྔོན་འགོག་དང་དེར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་གྱིས་གྱོད་གཞི་རྩད་གཅོད་ལས་དོན་འཕྲལ་མར་བཀོད་སྒྲིག་ཞིབ་ཕྲ་བྱས་ནས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པར་འཕྲལ་མར་གྱོད་གཞི་རྩད་གཅོད་བྱས་ཏེ། མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དགོས་པའི་བླང་བྱ་བཏོན་ཞིང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲ་ནང་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་ལ་བརྟེན་ནས་གྱོད་གཞི་དེའི་བརྟག་དཔྱད་ལས་དོན་འཕྲལ་མར་སྤེལ་བ་མ་ཟད། གྱོད་གཞི་སྙན་སེང་ཞུ་མཁན་གྱིས་བཏོན་པའི་ཁུངས་སྣེར་གཞིགས་ནས། དངུལ་ཁང་གི་ཉོ་ཚོང་ཐོ་འགོད་ལ་ཞིབ་ཚགས་ཀྱིས་བལྟས་པ་བརྒྱུད། རྐུ་ཤོར་བའི་དངུལ་དེ་དག་ཟླ་1ཚེས་25དང་ཚེས་26ཉིན་ཐེངས་བཞི་བྱས་ནས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དངུལ་ཁང་གི་ATMའཕྲུལ་འཁོར་ནས་བཏོན་པ་ཤེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཆུ་ཤུར་རྫོང་དུ་བསྐྱོད་དེ་འབྲེལ་ཡོད་ཀྱི་ཐོ་འགོད་བལྟས་རྗེས། འཕྲལ་མར་ཉེས་གསོག་དོགས་ཅན་ཆུང་ཆེ་གེ་མོ་གཏན་འཁེལ་བྱས། ཉེས་གསོག་གི་དོན་དངོས་ཁོང་དུ་གང་ལེགས་ཆུད་རྗེས། ཟླ་1ཚེས་29ཉིན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་ཆུང་ཆེ་གེ་མོ་བཟུང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཆུང་ཆེ་གེ་མོས་ཟླ་1ཚེས་23ཉིན་པད་ཆེ་གེ་མོའི་ཁྱིམ་ནས་པད་ཆེ་གེ་མོའི་ཕའི་སྤྱི་ཚོགས་འགན་སྲུང་གཱ་བརྐུས་པ་དང་། དེ་ནས་ཟླ་1ཚེས་25ཉིན་སྤྱི་ཚོགས་འགན་སྲུང་གཱ་ཡི་ཐོག་མའི་གསང་ཨང་ལ་བརྟེན་ནས་སྒོར་1000བཏོན་པ་དང་། ཚེས་26ཉིན་ཐེངས་གསུམ་བྱས་ནས་སྒོར་11500བཏོན་ཏེ་ཁྱོན་སྒོར་12500བརྐུས་པ་རེད།

    ཉེས་གསོག་དོགས་ཅན་ཆུང་ཆེ་གེ་མོས་སྤྱི་ཚོགས་འགན་སྲུང་གཱ་ནས་སྒོར་12500བརྐུས་པའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་ཤིང་། མིག་སྔར་གྱོད་གཞི་དེ་ཉེས་དོན་མྱུལ་ཞིབ་སྡེ་ཚན་ལ་མུ་མཐུད་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་བསམ་ཡས་གྲོང་རྡལ་མངགས་གཏོང་ཁང་གིས་གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱི་རྐུ་རྒྱག་གྱོད་གཞི་སྔོན་འགོག་དང་དེར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ལ་གཞིགས་ནས། གཙོ་རྒོལ་གཏན་འཁེལ་བྱས་ཐོག་རྡུང་རྡེག་ཚ་ནན་བཏང་ནས་སྔོན་འགོག་ལ་སྐུལ་འདེད་དང་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུ་ནོར་ལ་གནོད་འཚེ་བཏང་རིགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གྱོད་གཞི་འཕྲལ་དུ་རྩད་གཅོད་ཀྱི་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད།

    མཇུག་ཏུ། ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་རང་ངོས་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་བཏང་ནས་མི་གཞན་ལ་རང་ཉིད་ཀྱི་དངུལ་ཁང་གཱ་དང་སྤྱི་ཚོགས་འགན་སྲུང་གཱ་སོགས་ཀྱི་ཆ་འཕྲིན་ཤོད་མི་རུང་བ་དང་། སྤྱི་ཚོགས་འགན་སྲུང་གཱ་བོར་བརླགས་སོང་ཚེ། གཅིག་གྱུར་ཐོག་འགྲོ་ལུགས་གཉེར་བར་ངེས་པར་དངུལ་ཁང་དུ་ཡོང་ནས་གསང་ཨང་བརྗེས་ཏེ་གཞན་གྱིས་བེད་སྤྱོད་གཏོང་མི་ཐུབ་པ་བཟོ་དགོས་པའི་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།