དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ནགས་ཚལ་མེ་ཟོན་ལ་ཤུགས་བརྒྱབ་ནས་མཉམ་འབྲེལ་མཉམ་སྐྲུན་གྱི་གདོང་ལེན་པ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-05

    འདི་ནི་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གི་སློབ་སྟོན་པས་ཀྲུང་གོ་ལྕགས་ལམ་གྱི་ལས་བཟོར་གློ་སྙིང་གསོ་ཐབས་སློབ་བཞིན་པ།

    འདི་ནི་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གི་སློབ་སྟོན་པས་ཀྲུང་གོ་ལྕགས་ལམ་གྱི་ལས་བཟོར་མེ་གསོད་སྟངས་སློབ་བཞིན་པ།

    སྐྲུན་བཞིན་པའི་ལྕགས་ལམ་ལམ་རྒྱུད་ཀྱི་ཨར་ལས་ཚན་པའི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་རྩྭ་ཐང་གི་མེ་ཟོན་འདུ་ཤེས་ཟབ་ཏུ་དང་། ཐོལ་བྱུང་གནོད་འཚེའི་ལས་འཛོལ་ལ་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཆེད། ཉེ་དུས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་གིས་ཀྲུང་གོ་ལྕགས་ལམ་བོད་ལྗོངས་རྣམ་གྲངས་པུའུ་དང་མཉམ་དུ“ནགས་ཚལ་མེ་ཟོན་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་མཉམ་སྐྲུན་གྱི་གདོང་ལེན་པ་བྱེད”ཅེས་པའི་སློབ་གསོ་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། གསོ་སྦྱོང་ནང་ཞུགས་མཁན་ཚོས་མ་ཤེས་པ་སྐད་ཆ་དྲིས་པ་དང་རང་འགུལ་ངང་བཀོལ་སྤྱོད་བྱས་པ་དང་། སློབ་སྟོན་པས་ངང་རྒྱུད་རིང་པོས་གསལ་འགྲེལ་བརྒྱབ་ནས་བཀོལ་སྤྱོད་ཀྱི་གཏན་འབེབས་བརྒྱུད་རིམ་ནན་གྱིས་བསྲུངས་པ། ས་ཡུལ་དངོས་སུ་སློབ་སྦྱོང་སྤེལ་རེས་དང་གྲོས་བསྡུར་བྱེད་པའི་རྣམ་པ་ཤིན་ཏུ་འཁྲུག་ཆ་དོད་པོ་ཡོད། གསོ་སྦྱོང་བྱེད་སྒོ་མཇུག་འགྲིལ་རྗེས། ཀྲུང་གོ་ལྕགས་ལམ་གྱི་ལས་བཟོ་ཚོས་གསོ་སྦྱོང་བྱེད་སྒོ་སྤེལ་བ་དེ་ལས་རང་ཉིད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་ཟབ་ཏུ་སོང་བ་མ་ཟད། གནོད་འཚེ་དང་ལས་འཛོལ་འགོག་ཟོན་དང་ཁ་གཏད་གཅོག་པའི་འཇོན་ཐང་ཡང་ཆེ་རུ་ཕྱིན་སོང་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།