དམག་མིའི་ཕྲུ་གུ་ཚོས་དམག་སྒར་དུ་ལོ་གསར་བཏང་བ།
འདི་ནི་གྲོགས་པོ་ཆུང་ཆུང་ཚོས་དམག་དོན་ལོ་རྒྱུས་ཁྱམས་རིང་ལ་ལྟ་སྐོར་བྱེད་པའི་རྣམ་པ་ཡིན་པ།
འདི་ནི་གྲོགས་པོ་ཆུང་ཆུང་ཞིག་གིས་མདའ་འཕེན་པའི་རྣམ་པ་ཡིན་པ།
འདི་ནི་གྲོགས་པོ་ཆུང་ཆུང་ཚོས་རོལ་རྩེད་རྩེ་བའི་རྣམ་པ་ཡིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་གི་ལུའེ་ཤོག་ཅིག་གིས་དམག་མིའི་ཕྲུ་གུའི་དགུན་སྒར་བྱེད་སྒོ་ཧུར་ཐག་སྤེལ་ཏེ། དམག་མིའི་ཕྲུ་གུ་ཚོས་དཔུང་སྡེ་ནས་དམག་ཆས་ཁྲ་ཁྲའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་པ་རེད།
“གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོའི་མདུན་གྱི་མེ་སྒྱོགས་ཀྱི་འདྲ་དཔེ་དེར་སྣང་ཆུང་མ་བྱེད། ལོ་བཅུ་ཕྲག་ཁ་ཤས་གོང་འདིས་བཅིངས་འགྲོལ་དམག་མིར་རམ་འདེགས་བྱས་ནས་དམག་འཐབ་མང་པོ་ལས་རྣམ་པར་རྒྱལ་མྱོང”དམག་དོན་ལོ་རྒྱུས་ཁྱམས་རིང་ནང་སྐྱོད་སྐབས་འགྲེལ་བཤད་པས་གསར་བརྗེའི་སྔོན་གཤེགས་དཔའ་བོས་དཔའ་ངར་ཆེན་པོས་གཡུལ་འགྱེད་པའི་ལོ་རྒྱུས་ངོ་སྤྲོད་བྱས་ནས་དམག་མིའི་ཕྲུ་གུ་ཚོར་སྔོན་གཤེགས་དཔའ་བོའི་དཀའ་སྡུག་དང་འོད་སྟོང་མྱོང་ཚོར་བྱེད་དུ་བཅུག་པ་རེད།
དགུན་སྒར་བྱེད་སྒོ་ཕུད། ལུའེ་ཤོག་དེས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཆུང་གྲས་སྣ་ཚོགས་དང་བྱ་དགའ་རིམ་པ་མི་འདྲ་བ་མང་པོ་ལས་གྲོགས་པོ་ཆུང་ཆུང་ཚོ་དགའ་སྤྲོས་མྱོས་པ་དང་ཁོ་ཚོའི་གདོང་ལས་འཕྱུར་བའི་འཛུམ་མདངས་དེ་ལོ་གསར་རིང་དམག་སྒར་ནང་གི་མཛེས་ལྗོངས་གཞན་ཞིག་ཏུ་གྱུར་པ་རེད།