སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་ཁ་བསླུས་ཐེབས་པའི་མ་དངུལ་གཅིག་སྡུད་ཕྱིར་སྤྲོད་པའི་མཛད་སྒོ་འཚོགས་པ།
2023ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཐོག གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཞིང་ཆེན་དང་གྲོང་ཁྱེར་མང་པོར་བསྐྱོད་དེ་བརྟག་དཔྱད་དཔང་ལེན་བྱས་མཐར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་8བདེ་བླག་ངང་རྩད་ཆོད་པ་དང་འབྲེལ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་དང་འབྲེལ་བའི་མ་དངུལ་སྒོར་ཁྲི་123.3གཅིག་སྡུད་ཐོག་ཕྱིར་སྤྲད་དེ། ཉེས་ཅན་ཟིལ་གྱིས་སྣོན་ཞིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཤིང་། འདི་ནི་སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་འཚོགས་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་དང་འབྲེལ་བའི་མ་དངུལ་ཕྱིར་སྤྲོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།