དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁབ་གཟེར་མིད་ནས་བཅའ་ཁྲིམས་ལས་གཡོལ་ཐབས་བྱེད་མཁན་གྱི་ཉེས་གསོག་དོགས་ཅན་པར་རྡུང་རྡེག་ཚ་ནན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-05

    ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྐུ་འཕྲོག་གི་ཉེས་གསོག་འགོག་ཟོན་དང་རྡུང་རྡེག་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཙོ་འགན་དང་གཙོ་ལས་ལ་དམིགས་ཏེ། རྒྱུ་ནོར་རྐུ་འཕྲོག་རིགས་ཀྱི་དམངས་འཚོའི་གྱོད་གཞིར་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་དངོས་པོ་འདྲ་མིན་སྣ་ཚོགས་མིད་ནས་རྡུང་རྡེག་ལས་གཡོལ་ཐབས་བྱེད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁག་གཅིག་ལ་དམིགས་ཏེ། ལྷ་སའི་སྤྱི་བདེས་འགན་འཁྲི་འཁུར་ཕོད་པ་དང་བསྡུ་དགོས་རིགས་ཚང་མ་བསྡུས་ཏེ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

    ཟླ་1ཚེས་7ཉིན་གྱི་ཆུ་ཚོད་11ཙམ་ལ། ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་32ཐོག་མཐེབ་དྲས་ཀྱི་གྱོད་གཞི་གཅིག་ཐོན་ནས་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོས་གྱོད་གཞི་རྩོམ་རིང་མང་ཚོགས་ཀྱིས་ཤེས་ནས་འཛིན་བཟུང་བྱས་པ་དང་། འཕྲལ་མར་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་མཐེབ་དྲས་ངོ་རྒོལ་རུ་ཆེན་ལ་བརྟག་དཔྱད་དང་ཐག་གཅོད་ཞིབ་ཕྲ་བྱ་རྒྱུར་རྩིས་སྤྲད་པ་རེད།

    ཞིབ་བཤེར་བྱེད་རིང་། སྨན་ཁང་གིས་བརྟག་དཔྱད་བྱས་འབྲས་ལས། ཀྲང་ཆེ་གེ་མོའི་ཁོག་པའི་ནང་ཁབ་གཟེར་གཉིས་ཡོད་པ་དང་ཁོ་པས་ཁབ་གཟེར་མིད་ནས་བཅའ་ཁྲིམས་ཀྱི་འཆིང་རྒྱ་ལས་གཡོལ་རྒྱུའི་སྟོང་བསམ་བཅངས། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་དེ་རིགས་ལ་རྡུང་རྡེག་གཏོང་བ་དང་དུས་མཚུངས་དེའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སྨན་ཁང་དང་འབྲེལ་བ་བྱས་པ་མ་ཟད། བཙོན་སྲུང་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོར་སློབ་གསོ་བརྒྱབ་ཡོད། མཐར་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོས《གཤགས་བཅོས་གནས་ཚུལ་ཤེས་རྟོགས་ཀྱི་མོས་མཐུན་ཡི་གེར》མིང་རྟགས་བཀོད་པ་རེད། གཤགས་བཅོས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོའི་ཁོག་པའི་ནང་གི་ཁབ་གཟེར་དེ་བཏོན་ཡོད། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་དྲག་སྐྱེད་བྱུང་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་ཁོ་པར་ཉེས་དོན་བཀག་ཉར་བྱས་པ་རེད། མིག་སྔར་གྱོད་གཞི་འདི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    “ཉེན་རྟོག་ཕྱོགས་ཀྱིས་རང་རྨས་རང་སྐྱོན་དང་དངོས་པོ་འདྲ་མིན་སྣ་ཚོགས་མིད་དེ་རྡུང་རྡེག་ལས་གཡོལ་བའི་ཁྲིམས་འགལ་བ་དེ་དག་ལ་སླར་ཡང་ནན་བསྒྲགས་བྱ་རྒྱུ་སྟེ། རང་གིས་རང་ལ་གནོད་འཚེ་གཏོང་བ་ནི་རང་སྲུང་བྱེད་ཐབས་ཤིག་མིན། ཁྲིམས་འགལ་ཉེས་གསོག་དེ་རིགས་ལ་དམིགས་ནས་ང་ཚོས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱས་ནས་གུ་ཡངས་གཏན་ནས་གཏོང་གི་མིན”ཞེས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་མཐེབ་དྲས་ངོ་རྒོལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་བཤད།

    ལྷ་སའི་སྤྱི་བདེས་ཉེ་དུས་ལྷ་ས་གྲོང་ཁྱེར་དུ་མཐེབ་དྲས་གྱོད་གཞི་ཐོན་པའི་ཁྱད་ཆོས་ལ་གཞིགས་ནས་འབྲེལ་ཡོད་འགོག་ཟོན་བྱ་ཐབས་ལེགས་སྒྲིག་བྱས་ཡོད། ཚང་མས་འགོག་ཟོན་ཡག་པོ་བྱས་ནས་ཁྲིམས་འགལ་བར་གོ་སྐབས་སྤྲོད་རྒྱུ་མེད་པའི་རེ་བ་བཏོན།

    ཨང་རྟགས་བཤེར་ནས་རྐང་འཁོར་གཏོང་མཁན་ལ་ཆེད་མངགས་རྐུ་རྒྱག་པ།

    ཉེས་ཅན་པས་རྒྱུན་དུ་མཉམ་སྤྱོད་གློག་འཁོར་གཏོང་མཁན་གྱི་རྗེས་སུ་སྙེགས་ནས་ཕ་རོལ་པོས་ལག་ཐོགས་ཁ་པར་སྟོད་གོས་ཀྱི་ཁུག་མར་བླུགས་རྗེས་སྐབས་དང་བསྟུན་ནས་རྐུ་རྒྱག་གི་ཡོད། དེར་བརྟེན་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་གནས་ཚུལ་གང་རུང་འཕྲད་ཀྱང་ངེས་པར་དུ་དོགས་ཟོན་ཆེར་སྐྱེད་བྱས་ནས་ལག་ཐོགས་ཁ་པར་སོགས་རང་སོ་སོའི་རྒྱུ་དངོས་ཉར་ཚགས་ཡག་པོ་བྱེད་པ་ལས་རྐུ་མི་ཤོར་བ་བྱེད་དགོས་པའི་གྲོས་འགོ་བཏོན།

    གོམ་པ་བརྒྱབ་ནས་མཉམ་དུ་སྐྱོད་མཁན་གྱི་བུད་མེད་ལ་ཆེད་མངགས་ལྡིར་བ།

    ཉེས་ཅན་པས་གཙོ་བོ་ཁྲོམ་གཞུང་དུ་གོམ་པ་བརྒྱབ་ནས་མཉམ་དུ་སྐྱོད་མཁན་གྱི་བུད་མེད་དམིགས་ཡུལ་དུ་བྱས་ཏེ། ཁོང་ཚོས་དོ་སྣང་མེད་པའི་སྐབས་དང་བསྟུན་ནས་སྟོད་གོས་ཀྱི་ཁུག་མ་ནས་ལག་ཐོགས་ཁ་པར་རྐུ་ཡི་ཡོད། དེར་བརྟེན་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ལག་ཐོགས་ཁ་པར་དང་དངུལ་ཁུག་སོགས་རྩ་ཆེའི་རྒྱུ་དངོས་ལུས་ཐོག་ཏུ་ཉར་དགོས་པ་ལས་རང་གི་མཐོང་ལམ་དང་ཁ་བྲལ་མི་རུང་བའི་གྲོས་འགོ་བཏོན།

    འགྲོ་གིན་ལག་ཐོགས་ཁ་པར་རྩེ་མཁན་ལ་ཆེད་མངགས་འཚོལ་བ།

    ཉེས་ཅན་པས་འགྲོ་གྱིན་ལག་ཐོགས་ཁ་པར་རྩེ་མཁན་བདམས་ཏེ་དེས་སྣང་བ་མེད་པའི་སྐབས་དང་བསྟུན་ནས་སྟོད་གོས་ཀྱི་ཁུག་མ་དང་ལྟོ་ཕད་ནང་གི་རྒྱུ་དངོས་རྐུ་ཡི་ཡོད། དེར་བརྟེན་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་སྤྱོད་རླངས་འཁོར་སྒུག་པའམ་ཡང་ན་མི་བགྲོད་འགྲོ་ལམ་དུ་སྐྱོད་སྐབས་ཡག་ཤོས་བྱུང་ན་ལག་ཐོགས་ཁ་པར་རྩེ་རྒྱུ་མེད་པ་དང་། རང་ཉིད་ཀྱི་རྒྱུ་དངོས་ཉར་ཚཌ་ཡག་པོ་བྱེད་པ། ཉེ་འཁོར་གྱི་མི་སྣར་དོ་སྣང་བྱས་ཏེ་དོཌ་ཟོན་ཆེར་སྐྱེད་བྱེད་དགོས་པའི་གྲོས་འགོ་བཏོན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།