དབུ་ཤོག>ཁྲིམས་ལུགས།
  • བྲག་གཡབ་རྫོང་གིས།

    བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་ལ་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-05

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བྲག་གཡབ་རྫོང་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་དོ་དམ། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་བཅས་དང་དེ་བཞིན་དབྱེན་འདུམ་གྲོང་རྡལ་དང་ཕྱོགས་གསུམ་པའི་གཉེར་སྐྱོང་ཁེ་ལས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ལས་དོན་ཚོགས་ཆུང་བཙུགས་ནས། རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་ལ་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་སྔ་རྗེས་སུ་བཙོག་ཆུ་གཙང་སིང་བཟོ་གྲྭའི་སྒྲིག་ཆས་དང་། མདོང་ལམ། མིས་བཟོས་འདམ་ར། ཆུ་ཤར་གཏོང་སོགས་ཀྱི་གནས་ཚུལ་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་། ཞབས་ཞུའི་ཁྱབ་ཁོངས། བཙོག་ཆུའི་སྒྲིག་བཀོད་འཁོར་སྐྱོད་སོགས་སྐོར་གྱི་ཨར་ལས་ཚན་པ་དང་ལྟ་ཞིབ་དོ་དམ་ཚན་པའི་གནས་ཚུལ་གྱི་སྙན་སེང་ཉན་པ་དང་། ཟུར་བཤེར་དང་ཟུང་འབྲེལ་བྱས་ཏེ་ཐོག་མའི་ཞིབ་བཤེར་རྩིས་ལེན་གྱི་ཚོགས་འདུ་འཚོགས་ནས་རྣམ་གྲངས་དང་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཚུལ་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།