དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • རང་བྱུང་ཆ་རྐྱེན་ཞན་ཡང་སྙིང་སྟོབས་ལ་ཉམས་པ་མེད་པའི་གསེར་སྐྱེམས་ལའི་སྐོར་གཡེང་ཉེན་རྟོག་པ།

    ​གསེར་སྐྱེམས་ལར་སྐོར་གཡེང་བྱེད་མཁན་མི་དམངས་ཉེན་རྟོག་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    འདི་ནི་མི་དམངས་ཉེན་རྟོག་པ་ཤེས་རབ་རྒྱ་མཚོ་དང་ལས་རོགས་ཉེན་རྟོག་པ་ཉི་མ་བཀྲ་ཤིས་དང་ཧུའུ་ཁྲའོ་ཡིས་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་འཁོར་ལོར་འདྲེད་འགོག་ལྕགས་ཐག་དཀྲི་རོགས་བྱེད་བཞིན་པ།

    འདི་ནི་མི་དམངས་ཉེན་རྟོག་པ་འཆི་བུས་རི་སྐོར་རྒྱག་མཁན་མང་ཚོགས་ལ་འོད་འཕྲོའི་སྟོད་གོས་གཡོག་བཞིན་པ།

    འདི་ནི་རུ་ཆེན་གྱི་རུ་དཔོན་གཞོན་པ་མཱ་ཀྲེ་ཏུའོ་ཡིས་རླངས་འཁོར་གྱི་འཁོར་ལོར་ལྕགས་ཐག་དཀྲི་བ།

    འདི་ནི་མི་དམངས་ཉེན་རྟོག་པས་གསེར་སྐྱེམས་ལའི་ལམ་བུར་ཚྭ་བཤོས་ནས་གངས་བཞུར་ཐབས་བྱེད་པ།

    113གསེར་སྐྱེམས་ལ་ལས་སྒྲུབ་ས་ཚིགས།

    སྨི་4728ནི་གསེར་སྐྱེམས་ལའི་ལྗོངས་གཟིགས་སྟེགས་བུའི་མཐོ་ཚད་རེད་ལ། བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གསེར་སྐྱེམས་ལའི་113ལས་སྒྲུབ་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པ་15ཡིས་ལོ་ལྟར་ལས་སྒྲུབ་བྱེད་མང་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད། དེ་གའི་ལོ་རེའི་ཆ་སྙོམས་དྲོད་ཚད་ནི་-5℃ཡིན་པ་དང་ལོ་གཅིག་ནང་ཉིན་150ལྷག་ཙམ་གངས་བབས་ཀྱི་ཡོད་པས། སྨི་4728སར་ཡོད་པའི་མི་དམངས(ལས་རོགས)ཉེན་རྟོག་པས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་ལས་གནས་བརྟན་པོར་སྲུང་བཞིན་ཡོད།

    A

    ལོ་ལྟར་གྱི་ཟླ་གཉིས་པ་དང་གསུམ་པར་དེ་གར་ལྷགས་པ་རིམ་པ་8ཙམ་བརྒྱབ་ཀྱི་ཡོད་པ་དང་། སྐབས་འདི་དུས་དྲོད་ཚད་ཀྱང་-5℃མན་བར་ཆག་གི་ཡོད། མི་དམངས་ཉེན་རྟོག་པས་གངས་འཁྱགས་དང་གྲང་ངར་ལ་མི་འཛེམས་པར་རྒྱལ་ལམ་318བརྟན་སྲུང་བྱས་ནས། ཁ་ལོ་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་ཞིང་། ཁོང་ཚོ་ནི་མང་ཚོགས་སེམས་ནང་གི“གངས་དམག”ལྟ་བུ་དང་གསེར་སྐྱེམས་ལ་ཐོག་གི་ལྟ་ན་སྡུག་པའི་མཛེས་ལྗོངས་རེད།

    ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱ་ཆེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གསེར་སྐྱེམས་ལའི་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པས་གཞུང་ལམ་ལ་ཉིན་མཚན་དབྱེར་མེད་དུ་སྐོར་གཡེང་བྱས་ནས་ལམ་བུ་བདེ་བགྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

    B

    ལོ་མང་བསྟུད་མར་དེ་གའི་ལམ་བུ་བདེ་བགྲོད་ཡོང་བར་བྱེད་མཁན་བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་གཞོན་པ་མཱ་ཀྲི་ཏུའོ་ཡི་ངོས་ནས་བརྗོད་ན། གངས་འཁྱགས་ཀྱི་ཁྲོད་དུ་ལས་གནས་བརྟན་སྲུང་བྱེད་པའི་ལས་ལ་སྔ་ས་ནས་གོམས་ཡོད། མཱ་ཀྲི་ཏུའོ་ཡིས“དྲག་ཆར་དང་གངས་ཆེན་པོ་བབས་པ་དང་། ཆུ་རུད་ལ་སོགས་བྱུང་བ། དེ་བཞིན་དགུན་དུས་ཕ་ཡུལ་དུ་ལོག་མཁན་མང་བ་བཅས་སུ་གཞུང་ལམ་ཁག་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་སྐབས། རུ་ཆེན་གྱི་ཉེན་རྟོག་པ་ཕོ་མོ་རྒན་གཞོན་ཚང་མས་ངལ་མི་གསོ་བར་ཉིན་མཚན་དབྱེར་མེད་དུ་ལམ་བུ་བདེ་བགྲོད་ཡོང་བ་བྱེད་ཀྱི་ཡོད”ཅེས་བཤད།

    ཞོགས་པའི་ཆུ་ཚོད་8དང་སྐར་མ་50ལ་ཡེ་ཐའོ་དང་བཀྲ་ཤིས་ཟླ་བས་དེ་རིང་གི་ལམ་ངོས་སྐོར་གྱི་བརྙན་ཐུང་བཟོས་ཤིང་། “བྲག་ཡིབ་ཀྱི་ཉེན་རྟོག་པ་ཆུང་ཆུང”ཞེས་པའི་ལམ་ངོས་ཀྱི་གནས་ཚུལ་བརྡ་ཁྱབ་སྐོར་གྱི་ཆ་འཕྲིན་བརྙན་ཐུང་བཟོ་བ་ནི་113ལས་སྒྲུབ་ས་ཚིགས་ཀྱིས་2021ལོའི་ཟླ་3པ་ནས་ལག་བསྟར་བྱེད་འགོ་བཙུགས་པའི་འཆར་ཅན་གྱི་བྱ་སྤྱོད་ཅིག་རེད། ཞིབ་པར་བརྗོད་ན། དེ་ཉིན་གྱི་ལམ་ངོས་ཀྱི་སྐོར་གཡེང་བ་དང་པོ་སུ་ཡིན་ཡང་། དེས་བརྙན་ལེན་སྒྲིག་བཟོའི་འགན་ཁུར་གྱི་ཡོད། མི་དམངས་ཉེན་རྟོག་པ་ཡེ་ཐའོ་ཡིས“ལམ་ངོས་ཀྱི་སྐོར་གཡེང་ཐེངས་དང་པོའི་དུས་ཡུན་སྤྱིར་ན་ཆུ་ཚོད་ཕྱེད་ཀའི་ནང་ཚོད་འཛིན་བྱེད་ཀྱི་ཡོད། དེ་འདྲ་བྱེད་དོན་ནི་ཕྱོགས་གཅིག་ནས་ཁོངས་གཏོགས་ཁུལ་གྱི་ལམ་གྱི་གནས་ཚུལ་ཤེས་རྟོགས་རགས་ཙམ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་བྲག་ཡིབ་ཆུས་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས་ལ་ཉིན་དེའི་ལམ་ངོས་ཀྱི་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་ཐུབ་པའི་ཆེད་དུ་ཡིན”ཞེས་བཤད།

    རླངས་འཁོར་དང་ཡུལ་སྐོར་བ་ཇེ་མང་དུ་སོང་ཞིང་། ཡུད་ཙམ་ལས་མ་སོང་བར་ཡུལ་སྐོར་བ་གཉིས་ཁ་རྩོད་ཤོར། ལས་སྒྲུབ་པ་ཚེ་རིང་དབང་འདུས་དང་བསོད་ནམས་ཚེ་རིང་གཉིས་ཀྱིས་འཕྲལ་དུ་འདུམ་འགྲིག་བྱས། འགྲིམ་འགྲུལ་ཁྲིད་སྟོན་དང་། འགལ་བ་དང་རྩོད་གཞི་ཐག་གཅོད། ཁ་ལོ་བར་རོཌ་རམ། འགྲིམ་འགྲུལ་དྲིལ་བསྒྲགས་བཅས་བྱ་རྒྱུ་དེ་ཡང་113ལས་སྒྲུབ་ས་ཚིགས་གྱི་རྒྱུན་ལྡན་གྱི་ལས་དོན་ཞིག་རེད་ལ། ཉིན་ལྟར་བྲེལ་འཚུབ་ཀྱང་ཆེན་པོ་ཡོད།

    C

    མཐོ་གྲང་དང་གསོ་རླུང་མི་འདང་བའི་ཁོར་ཡུག་ཁྲོད། དཀའ་ངལ་ལ་མི་སྐྲག་པར་ལས་དོན་ཧུར་ཐག་སྒྲུབ་རྒྱུ་ནི་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་ཚོའི་འབད་འཐབ་ཀྱི་ཁ་ཕྱོགས་རེད། དཀའ་ཚེགས་ཀྱི་ཁོར་ཡུག་ཁྲོད་སྡར་མ་ཕྱིར་བཤོལ་བྱེད་སྲིད་ཀྱང་། འོན་ཀྱང་སྙིང་སྟོབས་ཅན་གྱིས་དཀའ་ངལ་དང་དུ་བླངས་ནས་མདུན་སྐྱོད་བྱེད་སྲིད། བསོད་ནམས་ཚེ་རིང་གིས་བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་རེས་སྐོར་བྱས་ནས་113ལས་སྒྲུབ་ས་ཚིཌ་སྲུང་གི་ཡོད། དམིགས་བསལ་གྱི་ཁོར་ཡུག་ནང་ང་ཚོར་སྦྱོང་བརྡར་ཐེབས་ཐུབ་ཅེས་བཤད།

    “གསོ་རླུང་མི་འདང་ཡང་སྙིང་སྟོབས་ལ་ཉམས་པ་མེད། དེ་གར་གསོ་རླུང་འདུས་ཚད་50%ཡང་ཟིན་གྱི་མེད། འོན་ཀྱང་ང་ཚོའི་ལྷག་བསམ་ནི་100%ཡིན”ཞེས་མཱ་ཀྲི་ཏུའོ་ཡིས་བཤད།

    བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གསེར་སྐྱེམས་ལའི་113ལས་སྒྲུབ་ས་ཚིགས་ནི་ལྷབ་ལྷུབ་ཏུ་གཡོ་བའི་དར་ཆ་ཞིག་དང་འདྲ་བར། ཉིང་ཁྲིའི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་མ་ཟད། ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་དམངས་ལ་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་པར་བྱེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།