དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས།

    དངོས་འཐབ་དང་ཟུང་འབྲེལ་བྱས་ནས་ས་ཡོམ་རོགས་སྐྱོབ་ཀྱི་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    འདི་ནི་ཛ་དྲག་རུབ་འཛོམས་བྱེད་བཞིན་པ།འདི་ནི་སྲུང་སྐར་ཁ་པར་བཀོལ་སྤྱོད་བྱེད་བཞིན་པ།

    འདི་ནི་སྲུང་སྐར་ཁ་པར་བཀོལ་སྤྱོད་བྱེད་བཞིན་པ།

    འདི་ནི་འཁོར་རིགས་ཀྱི་འདྲེད་འགོག་ལྕགས་ཐག་ལ་ཞིབ་བཤེར་བྱེད་བཞིན་པ།

    དཔུང་ཁག་གི་ས་ཡོམ་རོགས་སྐྱོབ་འཇོན་ཐང་ཆེར་གཏོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ས་ཡོམ་གནོད་འཚེ་དང་ལས་འཛོལ་ལ་ཁ་གཏད་གཅོག་པའི་ཆུ་ཚད་མཐོ་རུ་གཏོང་བ། དཔུང་ཁག་གི་ལས་དོན་འཕྲལ་སྒྲུབ་དང་དངོས་འཐབ་ཐག་གཅོད་དང་འགན་སྲུང་ནུས་པར་ཕྱོགས་ཡོངས་ནས་ཞིབ་དཔྱད་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ས་ཡོམ་རོགས་སྐྱོབ་ཀྱི་ཛ་དྲག་ནང་སྦྱོང་བྱས་པ་རེད།

    ནང་སྦྱོང་བྱེད་རིང་བཀོད་འཐབ་པ་ཡོངས་ཀྱིས་གང་གསུང་དེ་སྒྲུབ་དང་མཐའ་གཅིག་ཏུ་དང་ལེན་ཞུ་བ་དང་། དཀའ་ཉེན་ལ་མི་སྐྲག་པ། དཔའ་ངར་ཆེན་པོས་འཐབ་འཛིང་བཅས་བྱས་ཏེ་དམག་འཐབ་ཀྱི་བྱང་ཚད་དང་ཉམས་སད་ཐེག་པའི་དམག་འཐབ་ཀྱི་སྤྱོད་ཚུལ་མངོན་སྟབས། སྔོན་ཚུད་ཀྱི་དམིགས་ཚད་ལྟར་ནང་སྦྱོང་ལེགས་གྲུབ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་ད་རེས་ནང་སྦྱོང་བྱེད་རིང་མི་འདང་བའི་ཆ་ལ་ཕྱོགས་སྡོམ་གང་ལེགས་བྱས་ཏེ། སྔོན་ཇུས་མུ་མཐུད་ལེགས་སུ་གཏོང་བ་དང་། སྒྲིག་ཆས་དང་དངོས་ཟོག་འདང་ངེས་དང་ཡག་པོ་བཀོད་སྒྲིག་བྱེད་པ། ཆེད་དོན་ལས་སྒོའི་གསོ་སྦྱོང་བཅས་བྱས་ཏེ། དཔུང་ཁག་གི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་དང་ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས“ཉེན་ཁ་ཆེན་པོ་དང་གནོད་འཚེ་ཆེན་པོ་མྱུར་དུ་སེལ་བའི”མྱུར་སྐྱོབ་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།