དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • འགན་འཁྲི་ཁུར་ནས་ལྷག་བསམ་རྣམ་དག་བྱེད། སེམས་མཐུན་ཤུགས་སྒྲིལ་རྣམ་པ་གསར་པ་གཏོད།

    —— ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་དང་འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    མི་དམངས་ཉེན་རྟོག་པའི་འགན་འཁྲི་འཁུར་སེམས་དང་། གཟི་བརྗིད་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་བཏང་སྟེ་མཐའ་མཚམས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཏང་ཀྲི་པུའུ་དང་འབྲོང་པ་རྫོང་སྤྱི་བདེ་ཅུས་ལས་ཁུངས་ཏང་ཀྲི་པུའུ་དང་པོས་མཉམ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཀྲི་པུའུ་གཉིས་ཀྱིས་དང་ཐོག་འབྲོང་པ་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་དུ་ལྟ་སྐོར་བྱས་པ་བརྒྱུད། འབྲོང་པ་རྫོང་གི་མི་རིགས་མཐུན་སྒྲིལ་གྱི“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་བདུན”དེ་བཞིན་འགག་སྒོ་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། གྲུབ་འབྲས་རླབས་པོ་ཆེ། རྩ་ཆེའི་ཉམས་མྱོང་། ལག་ལེན་གྱི་བློ་སྒོ་བཅས་ལ་གོ་བ་གཏིང་ཟབ་བླངས་པ། ཏང་ཡོན་མི་དམངས་ཉེན་རྟོག་པར་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་པར་སློབ་གསོ་ཁྲིད་སྟོན། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་བརྟན་པོར་འཛུགས་པ། མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཡོད། དེ་རྗེས་འབྲོང་པ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མཇལ་བ་དང་། ཉེན་རྟོག་པའི་དམ་བཅའ་བསྐྱར་འཇོག་དང་ཉེན་རྟོག་པའི་གླུ་གཞས་མཉམ་གཏོང་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཀྲི་པུའུ་གཉིས་པོས་སྔོན་བྱོན་པ་ཚོའི་གཟི་བརྗིད་བྱས་རྗེས་ལ་དྲན་གསོ་ཞུ་བ་དང་མཉམ་དུ་མཐའ་སྲུང་དང་མཐའ་བརྟན་གྱི་བྱེད་སྒོ་སྤེལ་རིང་། གངས་ལྗོངས་ས་མཐོར་གཞི་ཚུགས་ནས་དམངས་ལ་ཞབས་འདེགས་ཞུ་བ་དང་ལྷག་བསམ་རྣམ་དག་ངང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།