དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འདམ་གཞུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་པ་ལས་མིའི་གླ་ཆ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    འདི་ནི་འདམ་གཞུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པས་ཁོངས་གཏོགས་ཁུལ་དུ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་སྐོར་ཤེས་རྟོགས་བྱེད་བཞིན་པ།

    ཞིང་པ་ལས་མིར་ངལ་རྩོལ་གླ་ཆ་དུས་ཐོག་ཏུ་རག་ཆེད། འདམ་གཞུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་མི་སྤྱི་ཅུས་དང་། རྫོང་ཡིག་འབུལ་ཞུ་བཅར་ཅུས། རྫོང་གྲོང་ཁྱེར་མ་འཇོག་འཛུགས་སྐྲུན་ཚད་ཡོད་ཀུང་སི་བཅས་ནས་ཁོངས་གཏོགས་ཁུལ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཁུངས་སྣེ་ཤེས་རྟོགས་བྱུང་རྗེས་འདམ་གཞུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་མར་དོ་བདག་དང་འབྲེལ་བ་བྱས་པ་དང་། ཤེས་རྟོགས་རགས་ཙམ་བྱས་པ་བརྒྱུད། བོད་ལྗོངས་ཚད་ཡོད་ཀུང་སི་ཞིག་གིས་པ་ཆེ་གེ་མོ་སོགས་ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི་413ལྷག་ཙམ་འགྱངས་ཆད་བྱས་ཡོད་པ་ཤེས་འཕྲལ་ཞིབ་དཔྱོད་དཔོན་གྱིས་ཁོ་པར་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་ཞུ་གཏུག་རྒྱབ་སྐྱོར་གྱི་འགན་ནུས་ངོ་སྤྲོད་བྱས། དེ་མ་ཐག་པ་ཆེ་གེ་མོས་ཞིབ་དཔྱོད་ལས་ཁུངས་ལ་བཅའ་ཁྲིམས་རོགས་སྐྱོར་གྱི་རེ་ཞུ་བཏོན།

    གྱོད་དོན་བདག་སྤྲོད་བྱས་རྗེས། རེ་འདུན་ཞུ་མཁན་པ་ཆེ་གེ་མོས་ས་ཆ་གཞན་ནས་དཔང་རྟགས་ལེན་དཀའ་བ་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ནས། སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་མགྱོགས་མྱུར་བརྟག་དཔྱད་དང་དཔང་རྟགས་ལེན་པའི་ལས་དོན་སྤེལ་ཏེ། རང་འགུལ་ངང་རྣམ་གྲངས་དེའི་འཛུགས་སྐྲུན་བྱེད་མཁན་དང་འབྲེལ་བ་བྱས་ནས་གྱོད་གཞིའི་དོན་དངོས་དང་འབྲེལ་བ་ཡོད་པའི་དཔང་རྟགས་ལ་བརྟག་དཔྱད་དང་ཞིབ་དཔྱད་ཧུར་ཐག་བྱས་ཤིང་། བརྟག་དཔྱད་ཟིན་ཐོ་བཟོས་པ་དང་གན་རྒྱ་ལེན་པ་སོགས་ཀྱི་བྱ་ཐབས་བརྒྱུད་དཔང་རྟགས་གཏན་འཁེལ་བྱས་པ་རེད། དེ་རྗེས་འདྲི་རྩད་དང་། མཐུན་སྦྱོར། གསེད་བཀྲོལ། དཔང་རྟགས་ཞིབ་བསྡུར་བཅས་མང་པོ་བྱས་པ་བརྒྱུད་ཞིབ་དཔྱོད་དཔོན་གྱིས་དོ་བདག་ལ་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་དང་གནས་ལུགས་རྒྱུ་མཚན་བཤད། ཕྱོགས་གཉིས་པོའི་བསམ་འཆར་ཉན་རྗེས་དོ་བདག་ལ་འདུམ་འགྲིག་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། འགྱངས་ཆད་བྱས་པའི་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་ལ་རང་འགུལ་ངང་རྗེས་སྙེག་ལྟ་སྐུལ་བྱས་པ་མ་ཟད། པ་ཆེ་གེ་མོ་སོགས་ཞིང་པ་ལས་མིར་གླ་ཆ་སྒོར་ཁྲི་173.47ལྷག་ཙམ་ལེན་རོགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།