དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བྲག་ཡིབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།

    མཚན་མོར་ཆང་བཏུང་འཁོར་གཏོང་ལ་ཞིབ་བཤེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    འདི་ནི་ཉེན་རྟོག་པས་ཆང་བཏུང་འཁོར་གཏོང་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། བྲག་ཡིབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས(ལས་རོགས)ཉེན་རྟོག་པ་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། ཧྲག་དམག་གཡུལ་འདྲེན། དོན་འཁྱོལ་དམ་འཛིན་བཅས་བྱས་ཐོག“མེད་པ་བཞིའི”ལས་དོན་སྒྲུབ་སྟངས་སྤྱད་དེ་ཆང་བཏུང་འཁོར་གཏོང་གི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ལྷོད་གཡེང་མེད་པར་དམ་འཛིན་བྱས་ནས། ཆང་བཏུང་འཁོར་གཏོང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་དོ་ནན་དམ་བསྒྲགས་ཀྱི་རྣམ་པ་ཞིག་ཕྱོགས་ཡོངས་ནས་བཏོད་པ་རེད།

    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“ཆད་ལུས་མེད་པར”བྱས་པ། འགྲིམ་འགྲུལ་རུ་ཆེན་གྱིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་འགག་རྩའི་དུས་ཚོད་དང་མཚམས་ཚིགས་ལ་དམ་པོར་དམིགས་ནས“གནད་དང་། ཐིག ཁྱོན”བཅས་ཟུང་འབྲེལ་བྱེད་པའི་སྐོར་ཞིབ་རྣམ་པ་སྤྱད་དེ། ཞིབ་བཤེར་བྱེད་ཚད་མཐོ་རུ་དང་། ཞིབ་བཤེར་ཐེངས་གྲངས་མང་དུ། ཞིབ་བཤེར་ཕན་འབྲས་ཆེ་རུ་བཅས་བཏང་བ་རེད།

    ལམ་ངོས་ལ་དོ་དམ་ཚོད་འཛིན་བྱས་ནས“སྟོང་ཆ་མེད་པར”བྱས་པ། མི་དམངས་ཉེན་རྟོག་པས་བཟའ་བཏུང་དང་རོལ་རྩེད་བྱ་ཡུལ་གྱི་མཐའ་འཁོར་སོགས་གཙོ་གནད་ཁུལ་ལ་དམིགས་པ་མ་ཟད། ད་དུང་མཚན་མོའི་ཆུ་ཚོད་21ནས་0བར་གྱི་གཙོ་གནད་དུས་མཚམས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། རླངས་འཁོར་ཡོང་རིམ་བཞིན་ཚང་མར་ཞིབ་བཤེར་དང་དོགས་པ་ཡོད་རིགས་ཚང་མར་བརྟག་དཔྱད་བྱས་ནས་ཆང་བཏུང་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་ཁྱེར་མེད་པར་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

    ཁྲིམས་ལྟར་ཆད་པ་བཅད་དེ“ཐར་པ་གཅིག་ཀྱང”མ་བཏང་བ། ཆང་བཏུང་འཁོར་གཏོང་ལ་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད། མི་དམངས་ཉེན་རྟོག་པས་ཉེན་རྟོག་ཕྱོགས་ཀྱིས་སྤྱོད་པའི་ཆང་བཅུད་བརྟག་དཔྱད་ཡོ་བྱད་དང་ཁྲིམས་སྒྱུར་ཟིན་ཐོ་འགོད་ཆས་སོགས་ཁྲིམས་སྒྱུར་སྒྲིག་ཆས་སྤྱད་དེ། ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱས་ཤིང་། ཆང་བཏུང་འཁོར་གཏོང་གི་དོགས་པ་ཡོད་རིགས་ལ་ཞིབ་བཤེར་འབྲས་བུ་སྒྲོག་སྦྱང་བྱས་ནས་མྱུར་དུ་དཔང་ལེན་ཁྲུན་གཅོད་བྱས་ཏེ། བཅོས་སྒྲིག་ནན་བཤེར་དང་དོ་དམ་ནན་པོ་བྱེད་པའི་དམ་བསྒྲགས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།