དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁ་ལོ་བའི་ལག་ཁྱེར་གཉེར་བར་ཁ་གཡར་ནས་མགོ་སྐོར་གཏོང་མཁན་ཉེས་གསོག་དོགས་ཅན་ཞིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    ཉེ་ཆར། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་གནོད་འཚེ་ཕོག་མཁན་ནོར་ཆེ་གེ་མོས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་1.39ལེན་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་ཆེད་ཕུལ་བའི“བློ་གཅིག་སེམས་གཅིག་ངང་དམངས་ཀྱི་བྱ་བ་བསྒྲུབས། ལྷག་བསམ་རྣམ་དག་ངང་དམངས་ཀྱི་སེམས་ཁྲལ་བསལ”ཞེས་བྲིས་པའི་གོས་དར་ཞིག་འབྱོར་བ་རེད།

    2023ལོའི་ཟླ་7ཚེས་6ཉིན་གྱི་ཆུ་ཚོད་10པ་ཡོལ་ཙམ་ལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་སྤུ་ཧྲེང་རྫོང་ཧོར་ཤང་སྤང་རི་གྲོང་ཚོའི་ཚོགས་ཆུང་དང་པོའི་གྲོང་མི་ནོར་ཆེ་གེ་མོའི་ཉེན་བརྡ་ཞིག་འབྱོར། 2022ལོར་ང་རང་ལྷ་སར་ཁ་ལོ་བའི་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་སྐྱེས་པ་ཞིག་ངོ་ཤེས་པ་དེས་ངའི་གྲོགས་པོ་ཝུའུ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་གཉེར་ཐུབ་ཀྱི་རེད་ཅེས་བཤད་བྱུང་། དེ་རྗེས་ཝུའུ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་གཉེར་བར་དངུལ་དགོས་པ་རྒྱུ་མཚན་དུ་བྱས་ནས་སྔ་རྗེས་སུ་ངའི་སྒོར་ཁྲི་1ལྷག་ཙམ་གཡོ་ལེན་བྱས་སོང་། སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་བཏང་ནས་བརྟག་དཔྱད་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    ནོར་ཆེ་གེ་མོའི་ཉེས་དོན་སྙན་སེང་འབྱོར་རྗེས། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་པ་དང་མི་དམངས་ཉེན་རྟོག་པ་བཏང་ནས་མྱུལ་ཞིབ་ལས་དོན་སྤེལ་ཏེ་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་མཁན་ལ་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པར་བྱས་པ་རེད། ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་དང་། ཆ་འཕྲིན། གནས་ཚུལ་བཅས་ལ་དབྱེ་ཞིབ་ནན་ཏན་བྱས་ནས་གནོད་འཚེ་ཕོག་མཁན་གྱི་མ་དངུལ་འགྲོ་ཚུལ་རྩད་ཞིབ་གསལ་པོ་བྱས་པ་དང་། ཉིན་འགའི་རིང་མཐིལ་རྟོགས་གྲལ་བཤེར་དང་། བརྟག་དཔྱད་དཔང་ལེན། གནད་འཁེལ་ཞིབ་འཇུག་ཐག་གཅོད་བཅས་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཝུའུ་ཆེ་གེ་མོའི་བྱེད་སྤྱོད་སྤེལ་བའི་བརྒྱུད་རིམ་ཁོང་དུ་ཆུད་པ་དང་འབྲེལ་ཉེས་གསོག་དོགས་ཅན་ཝུའུ་ཆེ་གེ་མོ་མགྱོགས་མྱུར་བཟུང་བའི་ལས་དོན་སྤེལ་བ་རེད། གྱོད་ཞིབ་མི་དམངས་ཉེན་རྟོག་པས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་2024ལོའི་ཟླ་1ཚེས་1ཉིན་ཉེས་གསོག་དོགས་ཅན་ཝུའུ་ཆེ་གེ་མོ་བཟུང་བ་རེད། ཝུའུ་ཆེ་གེ་མོས་རང་ཉིད་ཀྱིས་ནོར་ཆེ་གེ་མོར་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད། ད་དུང་བྱ་ཐབས་གཅིག་མཚུངས་སྤྱད་ནས་ནོར་ཆེ་གེ་མོར་ཁ་བསླུས་བརྒྱབ་པའི་ཁྲིམས་འགལ་ཉེས་གསོག་དོན་དངོས་རང་འགུལ་ངང་ངོས་ལེན་ཞུས་པ་དང་མི་དམངས་ཉེན་རྟོག་པས་གནོད་འཚེ་ཕོག་མཁན་ནོར་ཆེ་གེ་མོར་མགོ་སྐོར་ཐེབས་པའི་དངུལ་སྒོར་ཁྲི་1.39ཚུར་བླངས་ནས་སྤྲད་པ་རེད།

    གོམ་སྟབས་རྗེས་མར་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འགན་གཙོ་ལས་གཙོར་མུ་མཐུད་དམིགས་ཏེ་གྱོད་གཞི་རྩད་ཆོད་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྐུས་དངོས་ཚུར་ལེན་དང་བསྡུ་སྒྲིལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ། དམ་བསྒྲགས་རྣམ་པའི་ཐོག་ནས་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་གང་ཐུབ་མི་ཕོག་པ་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྒྲིག་ལམ་བརྟན་ལ་གོ་རིམ་ལྡན་པ་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།