དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།

    ཁ་བསླུས་གྱོད་གཞི་1བདེ་བླག་ངང་རྩད་ཆོད་པ་དང་གྱོད་འབྲེལ་མི་སྣ་1བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    ཉེ་དུས་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཧྥུའུ་ཅན་ཞིང་ཆེན་ནན་ཨན་གྲོང་ཁྱེར་དུ་མངགས་ཏེ། སྤྱིར་བཏང་གི་ཁ་བསླུས་གྱོད་གཞི་1རྩད་ཆོད་པ་དང་གྱོད་འབྲེལ་བྲོས་བྱོལ་མི་སྣ་1བཟུང་བ་རེད།

    2023ལོའི་ཟླ་5ཚེས་25ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་བྱམས་མདུན་གྲོང་རྡལ་གྱི་གྲོང་ཚོ་ཞིག་གི་མང་ཚོགས་ལེགས་ཆེ་གེ་མོས་ཕ་ཡུལ་དུ་ཁང་པ་རྒྱག་སྐབས་འགན་གཙང་ལེན་སྤྲོད་པའི་ཐོག་ནས་འགན་གཙང་ལེན་མཁན་ཚོང་པ་ཐང་ཆེ་གེ་མོ་དང་གན་རྒྱ་བཞག་པ་མ་ཟད། 2023ལོའི་ཟླ་6པར་ལས་འགོ་བཙུགས་ནས་ཁྱོན་ཐང་ཆེ་གེ་མོར་ཐོག་སོ་གསུམ་ལྡན་གྱི་ཁང་པ་བསྐྲུན་པའི་གྲོན་དངུལ་སྒོར་ཁྲི་92སྤྲད་པ་རེད།

    2023ལོའི་ཟླ་9ཚེས་23ཉིན་ཐང་ཆེ་གེ་མོས་ཐོག་སོ་དང་པོ་བརྒྱབ་རྗེས་གྲོན་དངུལ་ལྷག་མ་འཁྱེར་ནས་ཨར་ལས་བྱ་ཡུལ་ནས་ཐོན་པས་གནོད་འཚེ་ཕོག་མཁན་གྱིས་ཁོ་པ་དང་ད་བར་འབྲེལ་བ་བྱེད་ཐུབ་མ་བྱུང་ཞེས་གྱོད་དོན་སྙན་སེང་ཞུས། གནས་ཚུལ་དེ་ཤེས་རྗེས་མི་དམངས་ཉེན་རྟོག་པས་གྱོད་གཞི་མྱུལ་ཞིབ་ཀྱི་ལས་དོན་ཏན་ཏིག་དང་ནུས་ལྡན་རབ་དང་རིམ་པ་སྤེལ་བ་བརྒྱུད། མཐར་ཉེས་གསོག་དོགས་ཅན་ཐང་ཆེ་གེ་མོ་བསྐྱོད་ཡུལ་གཏན་འཁེལ་བྱས་པ་མ་ཟད། འཕྲལ་མར་ཁོ་པ་བྲོས་བྱོལ་མི་སྣར་གཏན་འཁེལ་ཡང་བྱས་པ་རེད།

    ཧྥུའུ་ཅན་ནན་ཨན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག 2024ལོའི་ཟླ་1ཚེས་17ཉིན་མི་དམངས་ཉེན་རྟོག་པས་ཧྥུའུ་ཅན་ཞིང་ཆེན་ནན་ཨན་གྲོང་ཁྱེར་དུ་ཉེས་གསོག་དོགས་ཅན་ཐང་ཆེ་གེ་མོ་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཐང་ཆེ་གེ་མོས་ནག་ཉེས་ངོས་ལེན་ཞུས་པ་རེད།

    ཉིན་ཤས་གོང་ཉེས་གསོག་དོགས་ཅན་ཐང་ཆེ་གེ་མོ་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་། གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།