དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བློ་དཀར་སེམས་དཀར་ཏང་ལ་ཕྱོགས། རྩལ་ལག་སྦྱངས་ནས་འགན་འཁྲི་སྒྲུབ།

    —— བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    འདི་ནི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱ་ཡུལ་ཡིན་པ།

    ཉེ་ཆར། བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཐབ་འཛིང་པ་ཡག་པོ་ཞིག་བྱེད་པའི”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་སྐབས་དང་པོ་གཉེར་བ་རེད།

    འགྲན་བསྡུར་ནང་བདམས་ཐོན་པ་6གིས་སྔོན་ཐོན་བྱས་རྗེས་དང་། ཉེ་འགྲམ་གྱི་དཔེ་མཚོན། རང་ངོས་ཀྱི་མྱོང་བ་བཅས་ནས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། བློ་སྟོབས་རྒྱས་པ། མི་སེམས་འགུལ་བ། ཆུ་ཞག་འཁོར་བའི་གཏམ་རྒྱུད་རེ་རེ་གསོན་ཉམས་དོད་པོས་བརྗོད་དེ། དཔོན་དམག་ཚོར་བརྗེད་པར་དཀའ་བའི་མཐོང་ཐོས་ཀྱི་སྟོན་མོ་ཞིག་བཤམས་པ་རེད།

    “ང་ཚོའི་མི་རབས་སྔོན་མས་རང་སྲོག་བློས་གཏོང་གིས་མེས་རྒྱལ་གྱི་ལ་རྒྱ་བསྲུངས་ཡོད་ལ། ང་ཚོའི་ཕ་མེས་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་མེས་རྒྱལ་གྱི་རི་ཀླུང་བསྐྱར་དུ་བསྐྲུན་ཡོད” འགྲན་ཞུགས་བདམས་ཐོན་པ་དབྱང་པིང་ཤའོ་ཡིས་སྔོན་གཤེགས་དཔའ་བོ་ཚོའི་རང་སྲོག་བློས་གཏོང་གི་གཏམ་རྒྱུད་དང་། དཔའ་བོ་དཔེ་བཟང་མི་སྣའི་དཔེ་སྟོན་སྣེ་ཁྲིད། འཐབ་གྲོགས་ཚོའི་འབད་འཐབ་གཏམ་རྒྱུད། མི་སྒེར་གྱི་འཚར་ལོངས་ཀྱི་བརྒྱུད་རིམ་བཅས་བརྗོད་སྐབས། སྡིངས་ཆའི་འོག་གི་སྐར་མ་རྒྱག་མཁན་དང་ལྟད་མོ་བ་ཚོར་སེམས་འགུལ་ཚད་མེད་ཐེབས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།