དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི“12348”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་གཏོང་ཁ་པར་བཀོད་འདོམས་ལྟེ་གནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    འདི་ནི་བོད་རང་སྐྱོང་ལྗོངས་ཀྱི“12348”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་གཏོང་ཁ་པར་བཀོད་འདོམས་ལྟེ་གནས་ཡིན་པ།

    བོད་རང་སྐྱོང་ལྗོངས་ཀྱི“12348”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་གཏོང་ཁ་པར་ལས་སྟེགས་2019ལོར་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། 2023ལོར་ཁ་པར་ཐོག་ནས་མང་ཚོགས་མི་ཐེངས་3000ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་པ་དང་ཁྱོན་ཁ་པར་རྒྱག་མཁན་མི་ཐེངས་ཁྲི་60ལྷག་ཙམ་ཟིན་ཡོད། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་རྒྱའི་ལས་སྟེགས(བོད་ལྗོངས་བཅའ་ཁྲིམས་དྲ་བ)ལ་བཅར་འདྲི་བྱེད་ཚད་ཐེངས་ཁྲི་5ལྷག་ཙམ་ཟིན་ནས་མང་ཚོགས་ཀྱི་དགོས་མཁོ་ཆེ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། གྱོད་དཔེ་བློ་འདྲི། ཁྲིམས་དོན་ས་བཀྲ། བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞི། ཞབས་ཞུའི་ནང་དོན། ཞབས་ཞུའི་མི་སྣ་བློ་འདྲི་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་གི་གཞི་ཁྱོན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གྲངས་གཞི་སྔོན་མ་དང་བསྡུར་ན་མང་དུ་ཕྱིན་ཡོད་པ་རེད།

    སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་དང་། ཐད་སྦྲེལ། དྲ་རྒྱ་བཅས“མཉམ་འདྲེས་གསུམ”སྐོར་གྱི་ཁྲིམས་འཛིན་པུའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་གཏུག་ཐེངས་མང་བྱས་ཏེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས། ཇུས་འགོད་ཞིབ་ཚགས་བྱས་ནས“12348”ཐད་སྦྲེལ་དང་ཁྲིམས་རྒྱའི་ལས་སྟེགས་རིམ་སྤོར་སྒྱུར་བཀོད་ཀྱི་འབྲེལ་ཡོད་ནང་དོན་ཞིབ་འཇུག་གཏིང་ཟབ་བྱས་པ་མ་ཟད། ཆེད་མི་ལྗོངས་ཕྱིའི་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དུ་ལྟ་སྐོར་དང་། བརྟག་ཞིབ། དེ་བཞིན་གསོ་སྦྱོང་སོགས་ལ་བརྟེན་ནས་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་བྱེད་པར་མངགས་ཡོད། ཀྲུང་གོའི་བཅའ་ཁྲིམས་ཀྱི་རོགས་སྐྱོབ་དང་ཁྲིམས་འཛིན་སྲིད་འཛིན་གྱི་གཅེས་སེམས་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་དང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཆ་འཕྲིན་ཚན་རྩལ་ཁྲུའུ་སོགས་འབྲེལ་ཡོད་སྡེ་ཚན་ཁག་གི་ལག་རྩལ་གྱི་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་སོ་གཉིས་པར“12348”ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་གཏོང་ཁ་པར་བཀོད་འདོམས་ལྟེ་གནས་ཡང་བསྐྱར་བཀོད་སྒྲིག་བྱས་ཁར། སྔར་བས་སྒྱུར་བཀོད་བྱས་ནས་ཉེ་དུས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    “12348”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་གཏོང་ཁ་པར་བཀོད་འདོམས་ལྟེ་གནས་བསྐྲུན་པ་བརྒྱུད། ཐད་གཏོང་ཁ་པར་ལས་སྟེགས་ཀྱི་འགན་ནུས་སྔར་བས་འདོན་སྤེལ་ཐུབ་སྟེ་མང་ཚོགས་སྔར་བས་མང་བས་ཐད་སྦྲེལ་ལས་སྟེགས་བརྒྱུད་འབྲེལ་ཡོད་གནད་དོན་བློ་འདྲི་བྱེད་པར་སྟོབས་བདེ་བསྐྲུན་པས། མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།