དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་དངོས་ཟོག་སྐུར་སྐྱེལ་ལས་སྒོའི་དུག་འགོག་ཆེད་དམིགས་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    འདི་ནི་དུག་བཤེར་མི་སྣས་མྱུར་སྐྱེལ་ཐུམ་སྒྲིལ་ལ་ཞིབ་བཤེར་བྱེད་བཞིན་པ།

    དངོས་ཟོག་སྐུར་སྐྱེལ་ལས་རིགས་ཀྱི་དུག་འགོག་དོ་དམ་ལམ་ལུགས་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྐུར་སྐྱེལ་ཟོག་འགྲེམས་ཀྱི་ཐབས་ལམ་བདེ་འཇཊ་ངང་ཤར་བགྲོད་ཐུབ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་དང་མཉམ་དུ་སྐུར་སྐྱེལ་ཟོག་འགྲེམས་ཁེ་ལས་ཁག་ཏུ་དུག་འགོག་གི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་བྱས་པ་བརྒྱུད། ཆབ་མདོའི་ཟོག་འགྲེམས་ཁེ་ལས་ཀྱི་ལས་སྒྲུབ་མི་སྣའི་དུག་འགོག་གི་བཅའ་ཁྲིམས་འདུ་ཤེས་དང་རང་འགུལ་འགོག་ཟོན་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་པ་དང་། སྐུར་སྐྱེལ་ཐབས་ལམ་གྱི་དུག་འགོག་འགོག་སྲུང་འཛིང་རགས་ཏན་ཏིག་བསྐྲུན་པ། མྱུར་སྐྱེལ་ལས་རིགས་ཀྱི་དུག་འགོག་དོ་དམ་ལས་དོན་ཚད་ལྡན་དུ་ཕྱིན་པ། མྱུར་སྐྱེལ་ལས་རིགས་ཚད་ལྡན་དང་། བདེ་འཇགས། སྐྱོན་བྲལ་ངང་འཕེལ་རྒྱས་བཅས་འགྲོ་བར་སྐུལ་འདེད་བཏང་བ། “བདེ་ཐང་གི་མི་ཚེ། སྐྱོན་བྲལ་དང་དུག་མེད”ཅེས་པའི་དུག་འགོག་ཁོར་ཡུག་ཅིག་བཏོད་དེ་གོམ་སྟབས་རྗེས་མའི་ཆབ་མདོའི་དུག་འགོག་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་སྟེ་དམངས་ཡོངས་དུག་འགོག་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།