དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དཔལ་མགོན་རྫོང་གིས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    ཉེ་ཆར་དཔལ་མགོན་རྫོང་ཁྲིམས་འཛིན་ཅུས་དང་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ཕུར་བུ་ཁྲིམས་འཛིན་སུའོ་དང་མཉམ་དུ་ཁོངས་གཏོཌ་ཀྱི་གཞོན་ནུ་ལོ་ཆུང་དང་སློབ་མ་སྒྲིག་འཛུགས་བྱས་ཏེ། “ཁེ་དབང་ལས་གནས་ཀྱིས་བྱ་སྤྱོད་སྤེལ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་བྱེད”ཅེས་པའི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་མིག་སྔའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞིའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་ཁར། “ཞབས་ཞུ་བར་རྫུས་ནས་དངུལ་ཕྱིར་སློག་པ”དང“དྲ་རྒྱའི་ཐོག་ནས་གྲོགས་པོ་བསྒྲིགས་ཏེ་ཁ་བསླུས་རྒྱག་པ”སོགས་རྒྱུན་དུ་མཐོང་ཆོས་སུ་སྣང་བའི་ཁ་བསླུས་རྒྱག་སྟངས་ལ་དམིགས་ཏེ། ཁོངས་གཏོགས་ཁུལ་གྱི་གཞོན་ནུ་ལོ་ཆུང་དང་སློབ་མར་ཁྲིམས་འགལ་བས་ཁ་བསླུས་རྒྱག་སྐབས་རྒྱུན་དུ་སྤྱོད་པའི་གཡོ་ཐབས་གསལ་བཤད་བྱས་པ་མ་ཟད། ད་དུང་ཁོང་ཚོར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ཉེན་ཟོན་འདུ་ཤེས་ཟབ་ཏུ་བཏང་སྟེ། “ཡིད་ཆེས་མི་བྱེད་པ་དང་། རང་གི་གནས་ཚུལ་ཕྱིར་མི་གྱར་བ། རྩིས་སྒྱུར་མི་བྱེད་པ”བཅས་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་ལག་དེབ་40ལྷག་ཙམ་དང་། དྲིལ་བསྒྲགས་དཔེ་ཁུག་དང་དྲིལ་བསྒྲགས་ཤོག་སྒྲིལ་སོགས་དྲིལ་བསྒྲགས་མཁོ་ཆས་120ལྷག་ཙམ་སྤྲད་པ་དང་། སློབ་མ་40ལྷག་ཙམ་ལ་སློབ་གསོ་ཐེབས་ནས་ཁ་བསླུས་རིགས་འགོག་ཟོན་བྱེད་པའི་གཞོན་ནུ་ལོ་ཆུང་གི་འདུ་ཤེས་ཇེ་ཟབ་ཏུ་སོང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།