དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ལ་འདྲི་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་ཆེད། ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ལ་འདྲི་གཅོད་བྱས་ཤིང་། ཞུ་སྦྱོར་ཕྱི་མ་ངག་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཆད་པ་བཅད་པ་རེད།

    2022ལོའི་ཟླ་12ཚེས་17ཉིན། གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གྱི་སྐབས་བརྗེའི་མཛད་སྒོར་དོན་དག་ཆུང་ངུ་ཞིག་གི་རྐྱེན་གྱིས་ཞུ་སྦྱོར་ཕྱི་མ་ངག་ཆེ་མོ་དང་གནོད་འཚེ་ཕོག་མཁན་པ་ཆེ་གེ་མོའི་དབར་ཁ་རྩོད་ཤོར། མཚན་མོའི་ཆུ་ཚོད་2པ་ཙམ་ལ་ཞུ་སྦྱོར་ཕྱི་མ་ངག་ཆེ་གེ་མོ་སྔོན་ལ་ལོག་པས་གནོད་འཚེ་ཕོག་མཁན་པ་ཆེ་གེ་མོ་ལོག་སའི་ལམ་དུ་བསྒུགས་ནས་བསྡད། ཆུ་ཚད་2དང་སྐར་མ་15ཙམ་ལ་གནོད་འཚེ་ཕོག་མཁན་པ་ཆེ་གེ་མོ་ལམ་དེ་ག་བརྒྱུད་ནས་འགྲོ་སྐབས་ཞུ་སྦྱོར་ཕྱི་མ་ངག་ཆེ་གེ་མོས་སྔ་ས་ནས་གྲ་སྒྲིག་བྱས་པའི་རྡོ་པ་ཆེ་གེ་མོའི་མགོར་གཞུས་རྗེས་བྲོས་ཕྱིན། བརྟག་དཔྱད་བྱས་པ་བརྒྱུད། གནོད་འཚེ་ཕོག་མཁན་པ་ཆེ་གེ་མོར་རྨས་སྐྱོན་ཚབས་ཆེན་རིམ་པ་གཉིས་པ་དང་རིམ་པ་བཅུ་པའི་རྨས་སྐྱོན་ཕོག་པར་ངོས་འཛིན་བྱས་པ་རེད།

    ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ངག་ཆེ་མོས་གནོད་འཚེ་ཕོག་མཁན་པ་ཆེ་གེ་མོར་རྐང་བཙུགས་ནས་རྨས་སྐྱོན་ཚབས་ཆེན་རིམ་པ་གཉིས་པ་དང་རིམ་པ་བཅུ་པའི་རྨས་སྐྱོན་ཕོག་པའི་མཇུག་འབྲས་བཟོས་པའི་ཉེས་གསོག་དོན་དངོས་ཁ་གསལ་ཞིང་བདེན་དཔང་གང་ལེགས་ཡོད་པས། ཁོ་པའི་བྱ་སྤྱོད་དེ་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་གསོག་གི་ཚད་དུ་བསླེབས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བྱེད་པའི་ཉེས་མིང་ཡང་གྲུབ་ཡོད་པ་རེད། གྱོད་གཞི་ཐོན་རྗེས་ཞུ་སྦྱོར་ཕྱི་མས་རང་ཉིད་ཀྱི་ཉེས་པ་སྦ་གསང་མེད་པར་ངོས་ལེན་ཞུས་པ་མ་ཟད། ད་དུང་ཁོ་པའི་ནང་མིས་གནོད་འཚེ་ཕོག་མཁན་གྱི་སྨན་རིན་སོགས་གྱོང་གུན་ཡང་རང་འགུལ་གྱིས་གསབ་མོད། ཡིན་ནའང་། རྐང་བཙུགས་ནས་མི་གཞན་ལ་རྨས་སྐྱོན་བཏང་རྗེས་གྱོང་གུན་ཧུར་ཐག་གསབ་པ་སོགས་ཀྱི་བྱ་སྤྱོད་ནི་ཞུ་སྦྱོར་ཕྱི་མ་དང་དེ་བཞིན་དེའི་ནང་མིས་སྒྲུབ་པར་འོས་པའི་གསབ་སྐྱོབ་འོས་འགན་དང་། བཅའ་ཁྲིམས་ཀྱི་ཆད་པ་ཡང་གཅོད་བརྩོན་ལེན་བྱེད་པའི་ཐབས་ལམ་འབའ་ཞིག་ཡིན་པ་ལས་རྒྱུན་སྲོལ་ལས་བརྒལ་ནས་ཉེས་ཆད་ཡང་དུ་གཏོང་བའི་ཐབས་ལམ་མིན། དེར་བརྟེན། ཁྲིམས་ཁང་གིས་ཁྲིམས་ཆད་འགྱངས་གཅོད་ལག་བསྟར་སྐོར་གྱི་དག་འབུད་མཁན་གྱི་བསམ་འཆར་དང་ལེན་བྱ་རྒྱུ་མིན་པའི་ངོས་འཛིན་བྱས་པ་རེད།

    གྱོད་གཞི་དེ་སྒྲུབ་མཁན་ཁྲིམས་དཔོན་གྱིས། གྱོད་གཞི་འདི་ནི། འགལ་བ་ཐོན་རྗེས་ཞུ་སྦྱོར་ཕྱི་མས་རྐང་བཙུགས་ནས་གནོད་འཚེ་ཕོག་མཁན་ལ་རྨས་སྐྱོན་བཏང་བས། མཇུག་མཐར་རང་ཉིད་ཁྲིམས་ལ་ཚུད་པ་ཞིག་རེད། འདིར་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དྲན་སྐུལ་ཞུ་རྒྱུར། འགལ་བ་ཐོན་ཚེ་སེམས་རྣལ་དུ་ཕབ་ནས་ཐག་གཅོད་བྱེད་དགོས། ཁྲིམས་མཐུན་ལུགས་མཐུན་ངང་འགལ་བ་སེལ་བ་ལས་ཁོང་ཁྲོས་ཀུན་ནས་བསླངས་ཏེ་མི་གཞན་ལ་གནོད་འཚེ་བཏང་ན། མཇུག་མཐར་མི་ལ་རྨས་སྐྱོན་ཕོག་པ་དང་རང་ཉིད་ཁྲིམས་རྒྱར་ཚུད་པ་ལས་གཞན་ཡོང་རྒྱུ་ཅི་ཡང་མེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།