དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྗོངས་ཕྱི་ནང་གི་མི་ཁྲི་ཕྲག་ཁ་ཤས་ལ་སྔ་རྗེས་སུ་སྒོར་ཁྲི་200ཙམ་ཁ་བསླུས་ཐེབས་པ།

    མིག་སྔར་ལྷ་སའི་སྤྱི་བདེས་བཙོག་དངུལ་ཚང་མ་བདེ་བླག་ངང་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    འདི་ནི་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་ཡིན་པ།

    2023ལོའི་ཟླ་4པར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཆེན་གཉིས་པས་ཁ་བསླུས་ཐེབས་པའི་གྱོད་གཞི་ཚབས་ཆེན་ཞིག་བདེ་བླག་ངང་རྩད་ཆོད་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་200ཙམ་ཟིན་པ་དང་ཉེས་གསོག་དོགས་ཅན་གཅིག་བཟུང་བ་དང་འབྲེལ་གྱོད་འབྲེལ་བཙོག་དངུལ་ཚང་མ་ཚུར་བླངས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2022ལོའི་ཟླ་3ཚེས་25ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པར་གྲོང་མི་ཐང་ཆེ་གེ་མོའི་ཉེས་དོན་སྙན་སེང་འབྱོར་ནས་2021ལོའི་ཟླ་6པ་ནས་2022ལོའི་ཟླ་2པའི་བར་ལིའུ་ཆེ་གེ་མོས་སྔ་རྗེས་སུ་རང་ཉིད་ཀྱི་སྒོར་ཁྲི་60ལྷག་ཙམ་ཁ་བསླུས་བརྒྱབ་སོང་ཞེས་བཤད།

    ཉེས་དོན་སྙན་སེང་འབྱོར་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པའི་མི་དམངས་ཉེན་རྟོག་པས་འཕྲལ་མར་འབྲེལ་ཡོད་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཞིང་། བརྟག་དཔྱད་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པར་ཤེས་རྟོགས་བྱུང་གསལ། 2021ལོའི་ཟླ་6པ་ནས་2022ལོའི་ཟླ་2པའི་པར་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས“བློ་འདོད་བཞིན་འཕུར”ཞེས་པའི་ཚོགས་མི་འཕེལ་རྒྱས་གཏོང་བར་ཁ་གཡར་ནས་ལྗོངས་ཕྱི་ནང་གི་མི་394ཡི“ཚོགས་མིའི་གྲོན་དངུལ”སྒོར་ཁྲི་120ལྷག་ཙམ་སྔ་རྗེས་སུ་ཁ་བསླུས་བརྒྱབ་པ་དང་། དེ་རྗེས་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་སླར་ཡང་སྣུམ་གྱི་གཱ་རིན་གོང་དམའ་པོས་འཚོང་བ་དང་། མཁའ་འགྲུལ་སྐྱེལ་འདྲེན་ཡན་ལག་ཀུང་སི་འཛུགས་པ། “བློ་འདོད་བཞིན་འཕུར”ཞེས་པའི་སྤ་སེ་འཚོང་བའི་མ་ལག་ཤར་གཏོང་བྱེད་པ་བཅས་ལ་ཁ་གཡར་ནས་ཐང་ཆེ་གེ་མོའི་སྒོར་ཁྲི་60ལྷག་ཙམ་ཁ་བསླུས་བརྒྱབ་པ་རེད།

    གྱོད་འབྲེལ་དངུལ་འབོར་ཅུང་ཆེ་བའི་ཁར་གྱོད་འབྲེལ་མི་སྣ་མང་བར་དམིགས་ནས། གནས་ཚུལ་ཁོང་དུ་ཆུད་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པས་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། འཕྲལ་མར་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་གྱོད་གཞི་དེ་མྱུལ་ཞིབ་བྱས་པ་དང་འབྲེལ་ཀོང་ཀྲོའུ་དང་། ཤིས་ཨན། ཧྲེན་དབྱང་སོགས་སུ་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་བར་བསྐྱོད། 2023ལོའི་ཟླ་4ཚེས་12ཉིན་ཤིན་ཅང་གི་ཉེན་རྟོག་པ་དང་ཀོང་ཏུང་གི་ཉེན་རྟོག་པའི་གཞོགས་འདེགས་ཤུགས་ཆེན་འོག་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་བདེ་བླག་ངང་འཛིན་བཟུང་བྱས།

    མི་དམངས་ཉེན་རྟོག་པས་བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་2021ལོར་བརྙན་ཐུང་ཞིག་གི་ལས་སྟེགས་ནས“བློ་འདོད་བཞིན་འཕུར”ཞེས་ པའི་ཁ་བསླུས་གྱོད་དཔེ་ཞིག་ཡོད་པ་ཤེས་ནས་གྱོད་དཔེ་དེའི་སྐོར་གྱི་ཉེས་པ་གསོག་སྟངས་སྦྱངས་ནས་རྡོ་སྣུམ་ཀུང་སི་ཞིག་གི་སྤྱིན་བདག་ཡིན་ཁུལ་གྱིས་སྣུམ་གྱི་གཱ་རིན་གོང་དམའ་པོས་འཚོང་བར་ཁ་གཡར་བ་དང་མཁའ་འགྲུལ་ཀུང་སི་ཞིག་གི་འགན་འཁུར་བར་བརྫུས་ནས། མཁའ་འགྲུལ་ཟོག་འདྲེན་ཡན་ལག་ཀུང་སི་ཞིག་བཙུགས་པ་དང“བློ་འདོད་བཞིན་འཕུར”ཞེས་པའི་སྤ་སེའི་མ་ལག་ཤར་གཏོང་བྱེད་པར་ཁ་གཡར་ནས་སྔ་རྗེས་སུ་ཐང་ཆེ་གེ་མོའི་སྒོར་ཁྲི་60ལྷག་ཙམ་ཁ་བསླུས་བརྒྱབ་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས། མི་དམངས་ཉེན་རྟོག་པས་རྩད་གཅོད་ཞིབ་ཕྲ་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོས་ད་དུང་2021ལོའི་ཟླ་6པ་ནས་2022ལོའི་ཟླ་2པའི་བར་གོང་གསལ་གྱི་ཁ་བསླུས་རྒྱག་སྟངས་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་མི་394ཡི་སྒོར་ཁྲི་120ལྷག་ཙམ་སྔ་རྗེས་སུ་ཁ་བསླུས་བརྒྱབ་པའི་ནག་ཉེས་དངོས་ཀྱང་ངོས་ལེན་ཞུས།

    དེ་རྗེས་མི་དམངས་ཉེན་རྟོག་པས་དུས་ཡུན་ཟླ་བ་བརྒྱད་རིང་ཀོང་ཀྲོའུ་དང་ཤིས་ཨན་སོགས་སུ་བཙོག་དངུལ་འདེད་པའི་ལས་དོན་སྤེལ་བར་བསྐྱོད་པ་དང་འབྲེལ། ཉེ་དུས་སྒོར་ཁྲི་200ཙམ་ཟིན་པའི་བཙོག་དངུལ་ཚང་མ་བདེ་བླག་ངང་ཚུར་བླངས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་ལིའུ་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་མྱུལ་ཞིབ་དང་འབྲེལ་ཡོད་བཙོག་དངུལ་ཕྱིར་སློག་པའི་ལས་དོན་ཞིབ་ཕྲ་སྤེལ་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།