དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོའི་སྐྱེས་པ་གསུམ་གྱིས་རྐུ་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཐེན་ཅིན་ཐང་ཆེན་གྱི་ཁྲོམ་སྟེགས་མང་པོ་ཞིག་ལ་རྐུ་བརྒྱབ་ཡོད་པ་རེད།

    ཉེ་དུས། ཀྲེན་ཆེ་གེ་མོས་དེ་སྔ་བཞིན་ཐེན་ཅིན་ཐང་ཆེན་དུ་ཚོང་བཀྲམ་ནས་བསྡད་ཡོད། ཚོང་ཟོག་འགྲིག་སྐབས་སྟོད་གོས་བཅུ་གྲངས་ཤིག་ཚང་མེད་པས་ཞིབ་རྩིས་ཐེངས་ཁ་ཤས་བྱས་མཐར་གཞི་ནས་མིས་བརྐུས་པ་ཤེས། རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་བླངས་པའི་སྟོད་གོས་བཅུ་གྲངས་རྐུ་ཤོར་བ་བསམས་དུས་ཁོང་ཁྲོ་ལངས་ཏེ་ཉེན་དོན་སྙན་སེང་ཞུས། ཁ་རུབ་ཆུས་སྤྱི་བདེ་ཅུས་ཐང་དཀྱུས་མ་མངགས་གཏོང་ཁང་གིས་ཉེན་རྟོག་པ་མངགས་ནས་བརྟག་དཔྱད་བྱས་མཐར་ཀྲེན་ཆེ་གེ་མོ་ཁོ་ན་མ་ཡིན་པར་ད་དུང་ཁྲོམ་སྟེགས་གསུམ་ནས་དངོས་ཟོག་ཀྱང་རྐུ་ཤོར་བ་ཤེས་རྟོགས་བྱུང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཉེ་ཆར་གནམ་གཤིས་གྲང་ངར་ཆེ་བས་ཁྲོམ་སྟེགས་མང་པོར་ཚོང་པ་སྡོད་མཁན་མེད་པ་དང་། གལ་སྲིད་ཚོང་འགྲུལ་སུ་ཞིག་གིས་ཚོང་ཟོག་ཉོ་དགོས་ན་ཚོང་ཟོག་ཐོག་བྲིས་པའི་རིན་གོང་ལྟར་རྩ་གཉིས་ཨང་རྟགས་བཤེར་ནས་སྤྲད་ན་འགྲིག་གི་ཡོད་པས། རྣམ་ཆེ་གེ་མོ་དང་། བློ་ཆེ་གེ་མོ། སངས་ཆེ་གེ་མོ་བཅས་ཀྱིས་ཁྲོམ་སྟེགས་གཅིག་ནས་ནང་འཇམ་མང་པོ་བརྐུས། 2024ལོའི་ཟླ་1ཚེས་13ཉིན་སླར་ཡང་བོད་བཟོའི་སྒོ་ཡོལ་གཉིས་བརྐུས་རུང་སུས་ཀྱང་མ་ཤེས་པས་ཉེས་གསོག་དོགས་ཅན་གསུམ་པོའི་རྐུ་རྒྱག་པའི་བློ་ཁོག་ཆེ་རུ་ཕྱིན་ནས་ཟླ་1ཚེས་14དང་། ཚེས་15 ཚེས་18བཅས་ཉིན་གསུམ་བསྟུད་མར་ཐེན་ཅིན་ཐང་ཆེན་དུ་བསྐྱོད་དེ་དོར་མ་48དང་། སྟོད་ཐུང་10 བལ་ལྭ་8 བྱ་སྤུའི་གྱོན་ཆས་4བཅས་བརྐུས་པ་རེད།

    མི་དང་དངོས་པོའི་དཔང་རྟགས་ཡོད་པའི་མདུན་དུ། ཉེས་གསོག་དོགས་ཅན་གསུམ་པོས་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པས། ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།