དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

    སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-14

    ཉེ་ཆར། ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པས་ཟངས་རི་རྫོང་སློབ་འབྲིང་དུ་སློབ་གྲྭའི་དགེ་སློབ་600ལྷག་ཙམ་ལ་དྲ་རྒྱའི་ཁ་བསླུས་འགོག་ཟོན་དང་གཞུང་ལམ་འགྲིམ་འགྲུལ་ཁྲིམས་སྲོལ་སོགས་ཀྱི་ནང་དོན་ལ་དམིགས་ཏེ། “བཅའ་ཁྲིམས་སློབ་སྦྱོང་བྱས་ནས་རང་ཉིད་ལ་སྲུང་སྐྱོང་བྱེད”པའི་ཁྲིམས་སྐྱོང་བདེ་འཇགས་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    སྒྲོག་འགྲེལ་བྱེད་རིང་། ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་པས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱ་སྲུང་སྐྱོང་སྲོལ་ཡིག་སོགས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་པའི་ཁར། གཞོན་ནུ་ལོ་ཆུང་གི་འཚར་ལོངས་དུས་མཚམས་ཀྱི་གྱི་ཁྱད་ཆོས་དང་ན་སོ་དར་ལ་མ་བབས་པའི་མིའི་ཚུལ་མིན་སྤྱོད་ཚུལ་ལ་དམིགས་ཏེ། རྒྱུན་དུ་མཐོང་རྒྱུ་ཡོད་པའི་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་དང་། རྒྱ་རྙི། དེ་བཞིན་དོགས་ཟོན་བྱ་ཐབས་བཅས་གསལ་བཤད་བྱས་པ་དང་ཆབས་ཅིག ན་སོ་དར་ལ་མ་བབས་པའི་མིར་སྐྱོན་བྲལ་ངང་དྲ་བར་ཞུགས་རྒྱུའི་སློབ་གསོ་ཁྲིད་སྟོན་ཡང་བྱས་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ཡོད།

    གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སློབ་གསོའི་ཐད་ཟངས་རི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་ཟུང་འབྲེལ་བྱས་པའི་ཁར། དཔེ་མཚོན་འབོར་ཆེན་དྲངས་ཏེ་སློབ་མ་ཚོར་སྲུང་ཐག་མ་ཆིངས་པ་དང་། རྨོག་ཞྭ་མ་གྱོན་པ། གློག་དམར་རྩིས་མེད་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་རང་བཞིན་དོན་ཟབ་གོ་སླའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་མ་ཟད། ད་དུང་སློབ་མ་ཚོར་རང་འགུལ་ངང་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་ཡང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།