དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འཇོ་མདའ་རྫོང་གིས་ཡུལ་དམག་གི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

     ཟླ་1ཚེས་11ཉིན་ཚུན། འཇོ་མདའ་རྫོང་མི་དམངས་དྲག་ཆས་པུས་དངོས་འཐབ་ཀྱི་དགོས་མཁོར་དམིགས་ནས་ཆེད་ལས་དྲག་ཆས་ལས་བྱེད་པ་དང་ཡུལ་དམག་གི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་འབར་གས་སྔོན་འགོག་གི་དུས་ཐེངས་དང་པོའི་ཆེད་དོན་སྦྱོང་བརྡར་བྱས་པ་རེད།

    ད་ཐེངས་ཀྱི་སྦྱོང་བརྡར་བརྒྱུད་ཡུལ་དམག་གི་རྩལ་འཁྲིད་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ད་དུང་ཡུལ་དམག་གིས་ཐོལ་བྱུང་གནས་ཚུལ་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་། བཀོད་འདོམས་ནུས་ཆེ། ཐག་གཅོད་གང་མགྱོགས་བཅས་བྱེད་པའི་འཇོན་ཐང་ཡང་ཆེ་རུ་ཕྱིན་ནས། ལོ་འཁོར་གྱི་ཡུལ་དམག་གི་དམག་དོན་སྦྱོང་བརྡར་ཕྱོགས་ཡོངས་ནས་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    འདི་ནི་སྦྱོང་བརྡར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།