སྔོན་དུ་ནང་སྦྱོང་ཨང་བསར་བྱས། དམག་གྲབས་འདུ་ཤེས་ཟབ་ཏུ་བཏང་།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཀོང་པོ་རྒྱ་མདའ་རྫོང་དུ་བཅའ་སྡོད་མེ་ཟོན་ཉིང་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ། ས་ཡོམ་སྐབས་རོགས་སྐྱོབ་བྱེད་སྟངས་ནང་སྦྱོང་བྱས་པ་རེད། ནང་སྦྱོང་རིང་དཔུང་སྡེའི་འཕྲལ་སྡོམ་དང་ལེན་ནུས་པ་དང་གཞོགས་འདེགས་དམག་འཐབ་ནུས་པ་ཆེ་རུ་བཏང་ནས་མི་སྣ་གྲ་སྒྲིག་དང་། རླངས་འཁོར། སྒྲིག་ཆས་བཅས་ལ་གྲངས་བཤེར་བྱེད་པ་དང་། རླངས་འཁོར་གྱི་ཡོ་ཆས་དང་། མི་སྒེར་གྱི་བདེ་འཇགས་འགོག་སྲུང་སྒྲིག་ཆས་ཆ་ཚང་མིན་དང་དེ་བཞིན་རླངས་འཁོར་གྱི་སྣུམ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་བཀའ་འབྱོར་མ་ཐག་རྡོག་ཐོན་ཐུབ་པའི་འགན་ལེན་བྱས་པ་རེད། ད་ཐེངས་ས་ཡོམ་གྱི་ནང་སྦྱོང་བརྒྱུད་མེ་ཟོན་རོགས་སྐྱོབ་མི་སྣ་ཡོངས་ཀྱི་འཕྲལ་སྡོམ་ཁ་གཏད་གཅོག་ནུས་ལ་སྔར་བས་ཞིབ་དཔྱད་བྱེད་པ་དང་། དཔུང་སྡེའི་དམག་གྲབས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ། མི་འདང་བའི་ས་དུས་ཐོག་ཏུ་འཚོལ་ཞིབ་བྱེད་པ། དཔུང་ཁག་གི་ལག་རྩལ་དང་འཐབ་རྩལ་ཤུགས་ཆེར་གཏོང་བ་བཅས་ཀྱི་དམིགས་ཡུལ་བསྒྲུབས་ནས། རོགས་སྐྱོབ་ཀྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
འདི་ནི་ས་ཡོམ་སྐབས་རོགས་སྐྱོབ་བྱེད་སྟངས་ནང་སྦྱོང་བྱ་ཡུལ་ཡིན་པ།