དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱིས“ཐོགས་མེད་བགྲོད་ལམ”བཏོད་དེ་སློབ་མར་ཐོབ་ཐང་ལག་ཁྱེར་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ནས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མའི་ལག་ཁྱེར་བཟོ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་ཐེམ་ཐོའི་སྐར་ཁུང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱི་ཐེམ་ཐོ་ཁང་གིས“ཐོགས་མེད་བགྲོད་ལམ”བཏོད་དེ་ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་དང་པོའི་སློབ་མ་49ལ་ཐོབ་ཐང་ལག་ཁྱེར་བཟོས་པ་རེད།

    ཟླ་1པོའི་ཟླ་དཀྱིལ་ཙམ་ལ་ཐེམ་ཐོ་ཁང་ལ་ཆབ་མདོ་གྲོང་ཁྱེར་ཕན་བདེ་ཁང་དང་པོའི་རོགས་སྐྱོར་རེ་ཞུའི་ཁ་པར་འབྱོར་ནས་ཕན་བདེ་ཁང་གི་སློབ་མ་མང་པོའི་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་བ་དང་དུས་ཚོད་ཡོལ་བ་སོགས་ཀྱི་གནས་ཚུལ་བརྗོད་པ་མ་ཟད། སློབ་མའི་ཐེམ་ཁུངས་མི་འདྲ་བའི་རྐྱེན་གྱིས་ཕ་ཡུལ་དུ་བསྐྱོད་ནས་འགྲོ་ལུགས་གཉེར་བར་རྙོག་དྲ་ཆེ་ཙམ་འདུག་པས། ཐེམ་ཐོ་ཁང་གིས་གཅིག་སྡུད་དུ་སློབ་མར་ཐོབ་ཐང་ལག་ཁྱེར་བཟོ་རོགས་བྱ་རྒྱུའི་རེ་བ་ཞུས་པ་རེད།

    གནས་ཚུལ་ཤེས་རྟོགས་བྱུང་བའི་ཉིན་3གྱི་རྗེས་ལ་ཐེམ་ཐོ་ཁང་གིས་ཆབ་མདོ་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ“ཐོགས་མེད་བགྲོད་ལམ”བཏོད་དེ། སློབ་མ་ཚོར་ཐོབ་ཐང་ལག་ཁྱེར་གཅིག་སྡུད་དུ་བཟོས་ནས། སྔོན་ལ་གཉེར་བ་དང་། སྔོན་ལ་ཆོག་མཆན་འགོད་པ། སྔོན་ལ་ལག་ཁྱེར་བཟོ་བ། སྔོན་ལ་སྤྲོད་པ་བཅས་ཀྱི་དམངས་ཕན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་པ་རེད།

    མིག་སྔའི་བར“ཐོགས་མེད་བགྲོད་ལམ”གྱིས་རིམ་རྩིས་བྱས་ན། སློབ་མ་10832ལ་ཐོབ་ཐང་ལག་ཁྱེར་བཟོས་ནས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མས་ལག་ཁྱེར་བཟོ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། “ཞབས་ཞུ་ཡག་ཤོས་དང་། གོ་རིམ་སྟབས་བདེ་ཤོས། མྱུར་ཚད་མགྱོཌ་ཤོས”བཅས་ཀྱི་ཞབས་ཞུའི་འདུ་ཤེས་ལ་བརྟེན་ནས་རྒྱ་ཆེའི་སློབ་མའི་ལག་ཁྱེར་བཟོ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།