དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་2024ལོའི་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱ་ཐོག་མ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་ཆར། སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་2024ལོའི་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་རེ་ཞུའི་གྱོད་གཞི་དང་པོ་བདག་སྤྲོད་དང་ཞིབ་བཤེར་བྱས་རྗེས་འཕྲལ་མར་གྱོད་ཐོ་བཀོད་པ་དང་འབྲེལ། ཆུ་ཚོད་24ཡི་ནང་མི་ལུས་བདེ་འཇགས་སྲུང་སྐྱོང་གི་བཀའ་རྒྱའི་བཅད་ཁྲ་བཏང་ནས་ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ལ་བཅའ་ཁྲིམས་ཀྱི་རོགས་རམ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེ་གཏོང་མཁན་ཚེ་ཆེ་གེ་མོས་རེ་ཞུ་བྱེད་མཁན་བདེ་ཆེ་གེ་མོར་རྟག་ཏུ་ཉེས་རྡུང་དང་ཁ་རྡུང་གཏོང་གི་ཡོད་པར་བརྟེན་ཁོ་མོ་རྒྱུན་དུ་སེམས་པ་མི་སྐྱིད་པ་དང་འཇིགས་སྣང་གི་གནས་སུ་གྱར། གནོད་འཚེ་ཕོག་མཁན་བདེ་ཆེ་གེ་མོར་ཁྱིམ་ཚང་གི་གཏུམ་སྤྱོད་མུ་མཐུད་མི་ཕོག་པ་བྱ་ཆེད། ཞུ་གཏུག་མ་བྱས་གོང་གི་འདུམ་འགྲིག་བྱེད་རིང་། ཁྲིམས་དཔོན་གྱིས་བདེ་ཆེ་གེ་མོར་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་རེ་ཞུ་བྱེད་དགོས་ལུགས་བཤད་པ་དང་། སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་བྱས་པ་མ་ཟད། “མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱའི”བཅད་ཁྲ་བཏང་ནས་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་ལག་བསྟར་ཏན་ཏིག་ཐུབ་ཆེད། སྒྲུབ་གཉེར་ཁྲིམས་དཔོན་གྱིས་མི་ལུས་བདེ་འཇགས་སྲུང་སྐྱོང་བཀའ་རྒྱ་དུས་ཐོག་ཏུ་གནོད་འཚེ་གཏོང་མཁན་གནས་སའི་མངགས་གཏོང་ཁང་དང་། གྲོང་ཚོ་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པར་སྤྲད་དེ་འབྲེལ་ཡོད་ཚན་པས་ལག་བསྟར་བྱེད་རོགས་དང་གནས་ཚུལ་དེ་རིགས་སླར་ཡང་མི་ཐོན་ཆེད་མཉམ་དུ་ལྟ་སྐུལ་དང་བཀག་འགོག་བྱས་ནས་རེ་ཞུ་བྱེད་མཁན་གྱི་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།