དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་ཤོག་སྦག་གི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ཤོག་སྦག་གི་བདེ་འཇགས་ལྟ་འདོམས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཤོག་སྦག་གི་བདེ་འཇགས་ཀྱི་ལས་འཛོལ་ལ་སྔོན་འགོག་ནན་པོ་བྱ་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་ལྷ་ས་གྲོང་ཁུལ་གྱི་ཤོག་སྦག་ཚོང་ཁང་ཁག་གཅིག་ལ་བདེ་འཇགས་ཀྱི་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་བྱེད་སྐབས། མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྱི་ཤོག་སྦག་ཚོང་ཁང་ལ་མེ་ཟོན་ཡོ་བྱད་ཡོད་མེད་དང་། ཤོག་སྦག་འཐེན་ས་ཁྲིམས་དང་མཐུན་ཡོད་མེད། ཉར་ཚགས་ཀྱི་གྲངས་འབོར་དང་གསོག་འཇོག་བྱེད་ཐབས་ཚད་མཐུན་གནད་འཁེལ་ཡོད་མེད། གློག་མིག་གིས་མ་གསལ་བའི་ཁུལ་ཡོད་མེད། ཤོག་སྦག་སིལ་ཚོང་ལ་དངོས་མིང་ཐོ་འགོད་ཀྱི་ལམ་ལུགས་ལག་བསྟར་བྱས་ཡོད་མེད་སོགས་ཀྱི་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་ཤོག་སྦག་ཚོང་མཁན་ལ་ཚོང་གཉེར་གྱི་འོས་ཐོབ་ལྡན་མིན་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་ཚོང་ཁང་གི་འགན་ཁུར་བར་བྱེད་པོའི་འགན་འཁྲི་འཁུར་ནས་དུས་བཀག་ནང་རང་ཉིད་ཀྱིས་ཞིབ་བཤེར་བྱེད་དགོས་པ་དང་། ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཤོག་སྦག་འཇོག་དགོས་པ། ཤོག་སྦག་ཉར་ཚགས་ཁུལ་ཚད་ལྡན་ཡོང་བར་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་ཤོག་སྦག་ལས་གཉེར་བའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མ་ཐོན་སྔོན་འགོག་བྱུང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།