དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2024ལོའི་ལག་བསྟར་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་ཆར། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་2024ལོའི་ལག་བསྟར་ལས་དོན་བཀོད་སྒྲིག་གནང་བ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གི་ཡོན་ཀྲང་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར་ལག་བསྟར་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལས་དོན་སྐོར་ལ་སླར་ཡང་ནན་བཤད་དང་། སླར་ཡང་བཀོད་སྒྲིག སླར་ཡང་སྐུལ་འདེད་བཅས་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཕྱི་ནང་མཉམ་འགུལ་ལ་ཤུགས་སྣོན་དང་མཐུན་སྦྱོར་འབྲེལ་གཏུག་ལ་སྣང་ཆེན་བྱས་ནས། ལག་བསྟར་གྱོད་གཞིའི་འབྱུང་རྩར་བཅོས་སྒྲིག་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་གཏོང་དགོས། “གཅིག་གྱུར་གསུམ”གྱི་དོ་དམ་ལ་ཤུགས་སྣོན་དང་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ལག་བསྟར་སྣོལ་མ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། སེམས་བཟང་ཤེས་དཔལ་གྱི་ལག་བསྟར་ལ་སྣང་ཆེན་དང་རང་འགུལ་ཁྲིམས་འཛིན་ལ་ཤུཌ་སྣོན་བརྒྱབ་སྟེ། ཁྲིམས་འཛིན་གྱི་དྲོ་སྐྱིད་མངོན་པར་བྱེད་དགོས། བསམ་སྤྱོད་གཅིག་མཐུན་དང་གཞུང་འཁྱོངས་གསར་འབྱེད་བྱས་ནས། ལག་བསྟར་སྒྱུར་བཅོས་མུ་མཐུད་བྱེད་ཟབ་ཏུ་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ནས། དཔུང་ཁག་གི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།